ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་ཕྱི་འབྲེལ་པུས་པེ་ཞིའི་དོན་རྐྱེན་གྱི་བརྟག་དཔྱད་ནང་ཨུ་རུ་སུར་བློས་འཁེལ་བའི་གྲངས་གཞི་རག་པ་བསྟན་པ།

2023-03-20 13:50:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏེན་མག་གིས་ཨུ་རུ་སུ་པེ་ཞི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་འབར་གས་དོན་རྐྱེན་གྱི་བརྟག་དཔྱད་ནང་ཞུགས་སུ་མི་བཅུག་པར་དམིགས་ནས། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་སྤྱི་ཚེས་18ཉིན། ཕྱོགས་ཡོངས་དང་ཡོངས་གྲགས། ད་དུང་ཨུ་རུ་སུའི་ཕྱོགས་ཞུགས་པ་བཅས་ཀྱི་རྒྱལ་སྤྱིའི་བརྟག་དཔྱད་བྱས་ན་གཞི་ནས་པེ་ཞི་དོན་རྐྱེན་གྱི་འབྲེལ་ཡོད་བློས་འཁེལ་བའི་གྲངས་གཞི་རག་ཐུབ་པས། ཨུ་རུ་སུའི་ཕྱི་འབྲེལ་པུས་མུ་མཐུད་ནས་ཏེན་མག་ལ་ཨུ་རུ་སུའི་ཕྱོགས་སུ་བཏོན་པའི་དྲི་བར་ལན་འདེབས་སུ་འཇུག་རྒྱུའི་རེ་བ་འདོན་གྱི་ཡིན་ཞེས་བསྟན་འདུག

འཇར་མན་གྱི་མི་སྣས། པེ་ཞི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལ་གཏོར་གཤིག་བཏང་བ་ནི་འཇར་མན་ལ་དཔལ་འབྱོར་གྱི་དམག་རྒྱག་པ་དང་ཁྱད་མེད། འབར་གས་ཀྱི་གཏོར་བཤིག་ཤུགས་ཚད་དང་གཞི་ཁྱོན་ནས། འབྲེལ་ཡོད་བྱ་སྤྱོད་དོན་དག་རྣམས་ཞིབ་ཚགས་པའི་འཆར་གཞི་བཀོད་ཡོད་པ་མ་ཟད་ད་དུང་ཨ་རི་དང་བྱང་ཆིངས་དང་འབྲེལ་བ་དམ་ཟབ་ཡོད་པ་རིགས་པས་ཁུངས་སྐྱེལ་བྱེད་ཐུབ་ཅེས་བསྟན་ཡོད།

中央广播电视总台 央广网 版权所有

ཨུ་རུ་སུའི་ཕྱི་འབྲེལ་པུས་པེ་ཞིའི་དོན་རྐྱེན་གྱི་བརྟག་དཔྱད་ནང་ཨུ་རུ་སུར་བློས་འཁེལ་བའི་གྲངས་གཞི་རག་པ་བསྟན་པ།

འཇར་མན་གྱི་མི་སྣས། པེ་ཞི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལ་གཏོར་གཤིག་བཏང་བ་ནི་འཇར་མན་ལ་དཔལ་འབྱོར་གྱི་དམག་རྒྱག་པ་དང་ཁྱད་མེད། འབར་གས་ཀྱི་གཏོར་བཤིག་ཤུགས་ཚད་དང་གཞི་ཁྱོན་ནས།