ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་འགྱུར་བའི་དཔེ་རིས་གསར་པ་གཏོད་པ།

2023-03-18 15:14:00     责编:桑吉卓玛

ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་འགྱུར་བའི་དཔེ་རིས་གསར་པ་གཏོད་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་གྲོས་ཚོགས་ཐོག་གནང་བའི་བརྗོད་དོན་གཙོ་བོའི་གསུང་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ལན་ཆ་བཟང་པོ་བྱུང་འདུག

སྤྱི་ཟླ་3ཚེས་15ཉིན། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་གྲོས་ཚོགས་དེ་བརྙན་ལམ་འབྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཐོ་རིམ་གླེང་མོལ་གྲོས་ཚོགས་ལ་ཞུགས་པ་མ་ཟད། བརྗོད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་ཡོད་པ་རེད།

ད་ཐེངས་ཀྱི་བརྗོད་བྱ་གཙོ་བོ་དེང་རབས་ཅན་གྱི་འགྲོ་ལམ་སྟེ། སྲིད་ཏང་གི་འགན་འཁྲི་ཞེས་པའི་གླེང་མོལ་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོར་དེང་རབས་ཅན་གང་འདྲ་ཞིག་དགོས་སམ། ཅི་འདྲ་བྱས་ན་དེང་རབས་ཅན་མངོན་འགྱུར་བྱེད་ཐུབ་བབ་ཞེས་པ་སོགས་པའི་གཏིང་ཟབ་པའི་དེང་རབས་ཅན་གྱི་དྲི་བ་མང་པོ་ཞིག་ལ་ཀྲུང་གོའི་དྲིས་ལན་བཏབ་གནང་ཡོད་པ་རེད།

རྒྱལ་ཁབ་མང་པོའི་མི་སྣས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་སྲིད་ཏང་གིས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་པའི་ཆ་ནས་དེའི་འགན་འཁྲིར་འགྲེལ་བཤད་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དར་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་ཟོལ་མེད་ཀྱི་བསམ་འདུན་བརྒྱུད་སྤྲོད་གནང་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ཞེས་པ་ཐོག་མར་བཏོན་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་མི་ཆོས་རིག་གནས་སྤེལ་རེས་དང་། རིག་གནས་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་རེད་ཅེས་ངོས་འཛིན་གནང་འདུག

ལེ་པ་ནོན་གྱི་སྤྱི་ཚོགས་ཡར་ཐོན་ཏང་གི་ཕྱི་དོན་ཧྲུའུ་ཅི་ཀྲ་ཤིར.ལ་ཨ་ཏེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་ཚོགས་ཞུགས་ཕྱོགས་ཁག་གིས་དོ་ཁུར་བྱེད་པའི་གནད་དོན་མང་པོར་ལན་བཏབ་གནང་བ་དང་། སྲིད་ཏང་གིས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་དགོས་ལུགས་བཏོན་པ་དང་། དེའི་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱ་རྒྱུ་ནི་དེང་རབས་ཅན་གྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་པའི་འགག་རྩ་རེད་ཅེས་གསུངས་ཡོད་པ་རེད།

ཁོ་ལོམ་པི་ཡའི་གུང་ཁྲན་ཏང་རྒྱལ་སྤྱིའི་འབྲེལ་བ་པུའི་དྲུང་ཡིག་ཨན་ཏེ་ལེ་སི.ཨའར་ཝ་ལུའེ་སིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཅན་དང་འཕེལ་རྒྱས་ཐད་ཁོང་གི་འདོད་ཚུལ་གལ་ཆེན་སྔར་བས་རྒྱས་བཤད་གནང་བ་དེས། ལྷོ་བྱང་དབར་གྱི་ཧེ་བག་ཇེ་ཆུང་དུ་གཏོང་བ་དང་། དྲང་གཞག་དྲང་བདེན་དང་། མཉམ་སྐྲུན་མཉམ་སྤྱོད་ཀྱི་བདེ་འཇགས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་གཏོད་རྒྱུར་ཕན་ཐོགས་ཡོད་པ་དང་། གནས་བབ་འདིའི་འོག འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་རང་བདག་གིས་གདམ་ག་བྱེད་དབང་སྔར་ལས་མང་བ་ཡོད་ཅེས་བཤད་འདུག

དེང་རབས་ཅན་ནི་གནམ་ནས་ལྷུངས་མི་སྲིད་པར་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་གཏོང་བར་བརྟེན་ནས་བསྒྲུབ་དགོས་ཞེས་ཀག་ན་ཀྲུང་གོ་མཛའ་གྲོགས་མཐུན་ཚོགས་ཀྱི་དྲུང་ཆེ་པིན་ཅེ་མིང་ཨ་ན་ཀེ་ལིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲེལ་བཤད་དེར་མོས་མཐུན་ཆེན་པོ་གནང་གི་ཡོད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་ཉིན་གཅིག་གི་བྱས་རྗེས་མིན་ལ། དེ་ལ་སྲིད་ཏང་གི་འགོ་ཁྲིད་བརྟན་པོ་ཞིག་དང་ཡང་དག་པའི་སྲིད་ཇུས་ལག་བསྟར་བྱེད་དགོས། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་བྱས་ནས་དེང་རབས་ཅན་དུ་འགྱུར་བའི་བགྲོད་ལམ་འདིའི་ཐོག་རྒྱུན་ཆད་མེད་པར་དཔའ་མཛངས་རྟུལ་ཕོད་ངང་མདུན་དུ་བསྐྱོད་དེ་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྲིད་ཏང་ལ་དཔེ་སྟོན་བྱ་རྒྱུ་རེད་ཅེས་བསྟན་འདུག

ཕ་ཁི་སི་ཐན་དབྱི་སི་ལན་ཡར་སྐུལ་ཚོགས་པའི་ཕྱི་དོན་ཧྲུའུ་ཅི་ཨ་ཤིས་ཕུའུ་ཁ་ཆི་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་སྲིད་ཏང་གི་འབྲེལ་བ་གསར་པ་འཛུགས་རྒྱུར་བརྟེན་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུ་དང་། གོ་ལ་ཧྲིལ་པོའི་སྲིད་ཏང་གི་རོགས་ཟླའི་འབྲེལ་བ་བརྟན་པོ་དང་འཐུས་ཚང་དུ་བཏང་ནས་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་གཏིང་ཟབ་དང་རྒྱ་ཆེར་གཏོང་རྒྱུ་བཅས་ལ་རོགས་རམ་བྱེད་ཅེས་པའི་ལྟ་བ་དེར་ང་རང་ནས་བསྔགས་བརྗོད་ཆེན་པོ་ཞུ་གི་ཡོད། ཕ་ཁི་སི་ཐན་སྲིད་ཏང་གིས་ཏང་དང་ཏང་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བ་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་གྲོས་འགོ་འདིར་དགའ་བསུ་ཞུ་བ་ཡིན། ཕ་ཁི་སི་ཐན་གྱི་སྲིད་ཏང་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་ནས། ཕ་ཁི་སི་ཐན་དབྱི་སི་ལན་ཡར་སྐུལ་ཚོགས་པས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་སྤེལ་རེས་འབྲེལ་གཏུག་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་སྤེལ་རེས་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་པ་དང་འབྲེལ་རིག་མཛོད་དང་། གཞོན་ནུ། བུད་མེད་སྒྲིག་འཛུགས་སོགས་སྤེལ་རེས་བྱེད་པ་བརྒྱུད་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་གསུངས་འདུག

ཁེན་ནི་ཡའི་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་མཁས་དབང་ཁ་ཝུན་སི་ཏེ་ཞིར་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་དང་། འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད། དོན་ངོ་མའི་ཕྱོགས་མང་རིང་ལུགས་ལག་བསྟར་དང་དར་སྤེལ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བཅས་བྱ་རྒྱུ་དམ་པ་དོན་དུ་གཉེར་བཞིན་ཡོད། ཞི་བདེ་མེད་ན་རྒྱལ་ཁབ་གང་ཞིག་ཡིན་རུང་འཕེལ་རྒྱས་འགྲོ་ཐབས་མེད། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་གཞན་དག་གི་སྲིད་ཏང་ལ་མིག་དཔེ་བཟང་པོ་ཞིག་བསྟན་ཡོད་ཅེས་གསུངས་འདུག

ཚོགས་འདུར་ཞུགས་པའི་ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཨུ་རུ་སུའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཞེར་ཀའེ་ས་ན་ཁོ་ཡེ་ཧྥུས། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་བཅས་འཛུགས་པའི་རང་བཞིན་དུ་གོང་འཕེལ་འགྲོ་བ་ཞིག་ཡིན་པས་གླེང་མོལ་ཚོགས་འདུར་ཞུགས་མཁན་རྣམས་ཀྱི་སྤྲོ་སེམས་འཁོལ་བའི་མོས་མཐུན་ཐོབ་ཡོད། གྲོས་འགོ་གསར་པ་འདིས་ཤེས་དཔལ་མི་འདྲ་བ་ཁོང་ཡངས་མཉམ་གནས་དང་། དྲང་གཞག་ངང་འཕེལ་རྒྱས་གཏོང་རྒྱུའི་འདོད་ཚུལ་བཏོན་པ་དེས་སྣ་མང་ཅན་གྱི་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲི་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་འགྱུར་བའི་དཔེ་རིས་གསར་པ་གཏོད་པ།

ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་འགྱུར་བའི་དཔེ་རིས་གསར་པ་གཏོད་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང