ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་རྒྱལ་དུ་བཅར་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་སྤྱི་ལོ་2023ལོའི་དཔྱིད་གསར་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་འཚོགས་འདུག

2023-01-20 15:17:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་སོ་ནམ་ལོ་གསར་འཆར་ཉེའི་མཚམས་སུ། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་། མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་། མ་ལེ་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་། མར་ཏེ་ཝེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་། ཆི་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་། ལ་ཐོ་ཝེ་ཡར་བཅའ་སྡོད་ཀྲུང་གོའི་ཆེན་མོ་གཞུང་ཚབ་ཁང་། སེབ་རུ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་། སེར་ལོ་ཧྥ་ཁེ་དང་ཁུ་པར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་། ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་། སུའུ་ཏན་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་སོགས་ཕྱི་རྒྱལ་དུ་བཅར་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་དཔྱིད་གསར་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་ཚོགས་ཏེ། ས་གནས་དེ་གའི་སྲིད་གཞུང་གི་དཔོན་པོ་དང་། ལས་རིགས་ཁག་གི་མཛའ་མཐུན་མི་སྣ། ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོས་མ་དངུལ་བཏང་བའི་ལས་ཁུངས་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་འཐུས་མི་སོགས་མཉམ་དུ་ལྷན་འཛོམས་གནང་ནས་ཡོས་ལོའི་ལོ་གསར་དགའ་གཏོང་བྱས་པ་དང་། སྤེལ་རེས་མཉམ་ལས་གནང་བ། ཕྱོགས་གཉིས་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྨོན་འདུན་ཞུས་གནང་འདུག

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཕྱི་རྒྱལ་དུ་བཅར་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་སྤྱི་ལོ་2023ལོའི་དཔྱིད་གསར་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་འཚོགས་འདུག

ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོས་མ་དངུལ་བཏང་བའི་ལས་ཁུངས་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་འཐུས་མི་སོགས་མཉམ་དུ་ལྷན་འཛོམས་གནང་ནས་ཡོས་ལོའི་ལོ་གསར་དགའ་གཏོང་བྱས་པ་དང་། སྤེལ་རེས་མཉམ་ལས་གནང་བ།