ཨ་རིའི་ཕོ་ལུའོ་ལི་ཏ་མངའ་སྡེར་མེ་མདའ་རྒྱག་པའི་དོན་རྐྱེན་ཐོན་པའི་ནང་མི་8ལ་རྨས་སྐྱོན་ཕོགས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་16ཉིན། ཨ་རིའི་ཕོ་ལུའོ་ལི་ཏ་མངའ་སྡེའི་ཧྲེང་ལུའུ་ཤིའི་ཉེན་རྟོགས་པའི་ཕྱོགས་ནས། ཉིན་དེར་ཕིར་སི་པོའི་གྲོང་ཁྱེར་དུ་མ་ཏིང་ལུའུ་ཏེ་ཅིན་ལ་དྲན་གསོ་ཞུ་བའི་བྱེད་སྒོའི་ཐོག་མེ་མདའ་རྒྱག་པའི་དོན་རྐྱེན་ཐོན་པ་དང་། དེའི་ནང་མི་8ལ་རྨས་སྐྱོན་བཟོས་པ་དང་། དེའི་ནང་གི་མི་གཅིག་གནས་ཚུལ་ཛ་དྲགས་ཙམ་ཡོད་ཅེས་བསྟན་འདུག