ལེའུ་ཧོ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྤྱི་ལོ་2023ལོའི་ལོ་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལེའུ་ཧོ་སྤྱི་ཟླ་1པོའི་ཚེས་17ཉིན་ཏ་ཝོ་སེ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྤྱི་ལོ་2023ལོའི་ལོ་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་གསུངས་པ་རེད། ལེའུ་ཧོ་ཡིས། ཀྲུང་གོའི་དངུལ་རྩའི་མ་ལག་སྤྱིའི་ཆ་ནས་བརྟན་པོ་ཡོད། ང་ཚོས་ས་ཁང་ཐོན་ལས་ཁྱབ་ཁོངས་ཀྱི་ཉེན་ཁར་དམིགས་ནས། ནུས་ཤུགས་ཡོད་རྒུས་སྔོན་དཔག་བརྟན་གཏོང་དང་། ལུགས་མཐུན་གྱི་འཁོར་རྒྱུག་རང་བཞིན་མཁོ་འདོན། ཤུགས་ཆེ་དྲག་པའི་སྐབས་སུ་ལག་བསྟར་བྱས་པའི་སྙོམ་སྒྲིག་བྱ་ཐབས་ལྷུག་ཏུ་གཏོང་བ། ཕན་ཡོད་ཀྱི་དགོས་མཁོ་རྒྱ་སྐྱེད་ཧུར་ཐག་གཏོང་བ་བཅས་བྱེད་བཞིན་ཡོད། མ་འོངས་པར་ཀྲུང་གོའི་ས་ཁང་ཐོན་ལས་བརྟན་པོའི་ངང་གོང་འཕེལ་འགྲོ་བར་སྔར་བཞིན་དགོས་མཁོའི་འདེགས་སྐྱོར་འདང་ངེས་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་གྱིས་ངེས་པར་དུ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་དགོས་པ་གཏན་འཁེལ་བྱས་ཡོད་པས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་རེད། ང་ཚོས་ཕྱོགས་རྐྱང་པའི་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། ཁྱོན་ཡོངས་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་འདུག