འཇར་མན་རྒྱལ་སྲུང་པུའི་པུའུ་ཀྲང་གིས་ལས་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་འདུག
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་16ཉིན།འཇར་མན་རྒྱལ་སྲུང་པུའི་པུའུ་ཀྲང་ལན་པོ་ལེ་ཤེལ་ཐེས་ལས་འགན་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་འདུག
འཇར་མན་སྲིད་གཞུང་གི་མགྲིན་ཚབ་པ་གཞོན་པ་ཧོ་ཧྥུ་མན་གྱི་དེ་ཉིན་ཙུང་ལི་ཧྲོའར་ཚེས་ལས་འགན་དགོངས་ཞུའི་ཡི་གེ་དང་ལེན་བྱས་ཡོད་ཅེས་བསྟན་ཡོད།
ལན་པོ་ལེ་ཤེལ་ཐེས་2021ལོའི་ཟླ་བ་12ནས་འཇར་མན་རྒྱལ་སྲུང་པུའི་པུའུ་ཀྲང་གི་འགན་བཞེས་ཡོད། ཉེ་དུས། འཇར་མན་མཉམ་འབྲེལ་རྒྱལ་སྲུང་དམག་གི་སྒྲིག་ཆས་ཉོ་སྒྲུབ་འཆར་གཞིའི་འཕེལ་རིམ་འགོར་བ་དང་། འཇར་མན་གྱི་ཡུག་རེན་ལ་དམག་དོན་སྒྲིག་ཆས་སྐྱེལ་འདྲེན་བྱས་པ་སོགས་ཀྱི་གནད་དོན་གྱིས་རྐྱེན་པས། ལན་པོ་ལེ་ཤེལ་ཐེར་གླེང་ཕྱོགས་དང་སྲིད་དབང་མི་བཟུང་མཁན་ཏང་གི་སྐྱོན་བརྗོད་ཚད་མེད་ཕོགས་ཡོད།