ཨུ་རུ་སུས་ཨུ་རུ་སུའི་དམག་གིས་ས་ཆ་མང་པོར་ཡུག་རེན་དམག་གྱི་སྒྱོགས་མདེལ་ལ་རྡུང་རྡེག་བཏང་ཡོད་ཅེས་བསྟན་པ་དང་།ཡུག་རེན་གྱིས་ཡུག་རེན་དམག་གྱིས་ཨུ་རུ་སུའི་དཔུང་འཇུག་མཐར་དཀྲོད་བཏང་ཡོད་ཅེས་བསྟན་འདུག
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་16ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས། ཨུ་རུ་སུའི་དམག་གིས་ཏུན་ཉི་ཚེ་ཁེ་དང་ཀྲ་པོ་ལོ་རེ་སོགས་སུ་ཡུག་རེན་དམག་གི་སྒྱོགས་མདེལ་ལ་རྡུང་རྡེག་བཏང་པ་མ་ཟད་ཡུག་རེན་གྱི་མེ་ཤུགས་སྒྱོགས་མདེལ་མང་པོ་བཀག་ཡོད་ཅེས་བཤད་འདུག
ཡུག་རེན་ཕྱོགས་ནས། ཡུག་རེན་དམག་གིས་ཨུ་རུ་སུས་ཏུན་ཉི་ཚེ་ཁེ་དང་ལུ་ཀན་སེ་ཁེའི་གཏན་སྡོད་ཁུལ་16ཉེ་འགྲམ་དུ་དཔུང་འཇུག་བྱས་པར་མཐར་དཀྲོད་བཏང་ཡོད། སོ་ལེ་ཏའར་གྲོང་ཁྱེར་ནང་ད་དུང་དམག་རྒྱག་བཞིན་ཡོད་པ་དང་། ཨུ་རུ་སུས་སོ་ལེ་ཏའར་ཚོད་འཛིན་བྱེད་མི་ཐུབ་པ་དང་། ཡུག་རེན་དྲག་ཆས་དཔུང་ཁག་གིས་ཨུ་རུ་སུར་གྱོང་གུན་ཟམ་མི་ཆད་པ་བཟོས་ཡོད་ཅེས་བསྟན་འདུག