ནེ་པ་ལའི་འགྲུལ་སྐྱེལ་གནམ་གྲུའི་སྒམ་ཆུང་ནག་པོ་རྙེད་ཡོད་པ།
སྤྱི་ཚེས་16ཉིན། ནེ་པ་ལའི་དམངས་སྤྱོད་མཁའ་འགྲུལ་ཅུད་ཀྱི་དཔོན་རིགས་ཀྱིས། འཚོལ་སྐྱོབ་མི་སྣར་ཉིན་དེ་རང་ལ་ནེ་པ་ལའི་དབུས་རྒྱུད་ཀྱི་པོག་ར་ས་ཁུལ་གྱི་གནམ་གྲུ་ལྷུང་ཡུལ་དངོས་ནས་སྤྱི་ཚེས་15ཉིན་ལྷུངས་བའི་ནེ་པ་ལའི་འགྲུལ་སྐྱེལ་གནམ་གྲུའི་སྒམ་ཆུང་ནག་པོ་རྙེད་ཡོད་པ་རེད། ནེ་པ་ལའི་དམངས་སྤྱོད་མཁའ་འགྲུལ་ཅུད་ཀྱི་མགྲིན་ཚབ་པ་ནེ་རུའུ་ལས། འཚོལ་སྐྱོབ་ནང་ཞུགས་མཁན་ཉེན་རྟོག་ལ་འགྲུལ་སྐྱེལ་གནམ་གྲུའི་སྒམ་ཆུང་ནག་པོ་རྙེད་ཡོད་པས་གང་མགྱོགས་ང་ཚོར་ལག་འབྱོར་ཐུབ་རྒྱུ་རེད་ཅེས་བཤད་འདུག