ཐུར་ཁེས་མིག་སྔར་སུའེ་ཏན་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་རྒྱུར་ཆོག་མཆན་སྤྲོད་ཐབས་བྲལ་ཞེས་བཤད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཐུར་ཁེའི་ཙུང་ཐུང་ལས་ཤག་གི་མགྲིན་ཚབ་པ་ཁ་ལུན་གྱིས་སྤྱི་ཚེས་༡༤ཉིན། མིག་སྔར་ཐུར་ཁེས་སེའུ་ཏན་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་རྒྱུར་ཆོག་མཆན་སྤྲོད་ཐབས་བྲལ་ཞེས་བསྟན་ཡོད། ཁ་ལུན་གྱིས། ཐུར་ཁེའི་རྣམ་འགྱུར་དེ་སེའུ་ཏན་གྱིས་ག་དུས་ནས་འགོ་ཚུགས་ཏེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་དམ་བཅའ་ལག་བསྟར་ཐུབ་མིན་ལ་རག་ལུས་ཡོད་ཅེས་བཤད་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། སེའུ་ཏན་སྲིད་གཞུང་གིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ཞིག་བྲིས་ཡོད་པ་དང་། དེའི་ནང་སྔར་ལས་དོ་ནན་ལ་ཚགས་དམ་པའི་འཇིགས་སྐུལ་དོན་ཚན་དང་འབྲེལ་བ་ཡོད། ཡིན་ནའང་གྲོས་ཚོགས་ཁང་གི་འབྲེལ་ཡོད་འགྲོ་ལུགས་བརྒྱུད་དགོས་ན་ཉུང་མཐར་ཡང་ཟླ་བ་དྲུག་འགོར་གྱི་ཡོད་པ་རེད།
བྱང་ཆིངས་སྒྲིག་འཛུགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་༣༠མགྲིན་གཅིག་ཏུ་མོས་མཐུན་བྱུང་བའི་སྔོན་འགྲོའི་འོག་ཁོངས་མི་གསར་པ་གཞི་ནས་བསྡུ་ཡི་ཡོད།
མིག་སྔར། བྱང་ཆིངས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐུར་ཁེ་དང་ཧང་ཀ་རི་གཉིས་ཀྱིས་སེའུ་ཏན་དང་ཧྥེན་ལན་རྒྱལ་ཁབ་གཉིས་བྱང་ཆིངས་ནང་ཞུགས་རྒྱུར་ཆོག་མཆན་སྤྲད་མེད།