དགུན་དུས་རླུང་འཚུབ་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་པས་ཨ་རིའི་ཀ་ལི་ཧྥུ་ཉི་ཡ་མངའ་སྡེའི་ས་ཆ་མང་པོར་རྒྱུན་མཐུད་བྲག་ཆར་སོགས་གནམ་གཤིས་ངན་པ་བསྟན་པ།
དགུན་དུས་རླུང་འཚུབ་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་པས་ཨ་རིའི་ཀ་ལི་ཧྥུ་ཉི་ཡ་མངའ་སྡེའི་ས་ཆ་མང་པོར་རྒྱུན་མཐུད་བྲག་ཆར་སོགས་གནམ་གཤིས་ངན་པ་བསྟན་པ་མ་ཟད་ཆུ་ལོག་དང་འདམ་རྡོལ་ཆུ་རུད་རྒྱུག་པ་སོགས་ཀྱི་གནོད་འཚེ་ཐོན་པ་རེད། ཨ་རིའི་ཕོ་བྲང་དཀར་པོས་སྤྱི་ཚེས་14ཉིན་ཀ་ལི་ཧྥུ་ཉི་ཡ་མངའ་སྡེ་འདི་ཉིད་གནོད་འཚེའི་གནས་སུ་སྡོད་རྒྱུར་ཆོག་མཆན་སྤྲད་ཡོད་པ་རེད། ཨ་རིའི་གནམ་གཤིས་སྡེ་ཁག་གིས་སྤྱི་ཚེས་14ཉིན། དགུན་དུས་རླུང་འཚུབ་ཀྱིས་སླད་ཕྱིན་ཉིན་ཤས་ནང་མུ་མཐུད་དེ་ཨ་རིའི་ནུབ་རྒྱུད་ས་ཁུལ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་ཀ་ལི་ཧྥི་ཉི་ཡ་མངའ་སྡེར་ཆར་པ་ཆེན་པོ་དང་རླུང་འཚུབ་སོགས་གནམ་གཤིས་ངན་པ་བསྟན་རྒྱུ་ཡིན་པ་དང་མི་ཧ་ལམ་བྱེ་བ་2དང་ས་ཡ་5ཙམ་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་བཤད་འདུག