ཕྱི་རྒྱལ་སྨྱན་སྦྱོར་གྱིས་ཡོ་རབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་སྔར་བཞིན་ཨུ་རུ་སུའི་རང་གཤེར་གཟུགས་བྱུང་རླངས་ནང་འདྲེན་འབོར་ཆེན་བྱེད་བཞིན་ཡོད་ཅེས་བསྟན་པ།
ས་གནས་དེ་གའི་སྨྱན་སྦྱོར་གྱིས་སྤྱི་ཟླ་1པོའི་ཚེས་11ཉིན་གནས་ཚུལ་སྤེལ་བར་གཞིགས་ན། པེར་ཀྲེམ་གྱི་རིག་མཛོད་པུ་ལུ་ཀེར་ཞིབ་འཇུག་ཁང་གིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། མ་གཞི་ཡོ་རབ་མནའ་འབྲེལ་གྱིས་སྦུག་ལམ་བརྒྱུད་ནས་ཨུ་རུ་སུའི་རང་བྱུང་རླངས་དང་རྡོ་སྣུམ་ནང་འདྲེན་བྱེད་ཚད་ཉུང་དུ་ཆེན་པོ་བཏང་ཡོད་ནའང་། ཡོ་རབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་སྔར་བཞིན་ཨུ་རུ་སུའི་གཤེར་གཟུགས་རང་བྱུང་རླངས་འབོར་ཆེན་ནང་འདྲེན་བྱེད་ཀྱི་ཡོད་པ་རེད།
གནས་ཚུལ་སྤེལ་བའི་ནང་། ཡོ་རབ་མནའ་འབྲེལ་གྱིས་ཨུ་རུ་སུའི་གཤེར་གཟུགས་རང་བྱུང་རླངས་སྐྱེལ་འདྲེན་བྱེད་མི་ཆོག་པ་བཟོས་མེད་པས། ཡོ་རབ་མནའ་འབྲེལ་གྱིས་གནད་དོན་དེའི་ཐད་དོ་ནན་པོ་བྱེད་ཀྱི་མེད་ཅེས་བསྟན་ཡོད་པ་རེད།