ཨུ་རུ་སུས་ཏུན་ཉི་ཚེ་ཁེའི་ཕྱོགས་སུ་སོ་ལེ་ཏའར་མཐའ་འཁོར་གྱི་གྲོང་བརྡལ་ཚོད་འཛིན་བྱས་ཡོད་ཅེས་བསྟན་པ་དང་། ཡུག་རེན་གྱིས་ཨུ་རུ་སུའི་མི་སྣ་དང་སྒྲིག་ཆས་གཅིག་བསྡུས་ཁུལ་ལ་རྡུང་རྡེག་ཐེངས་10ལྷག་བཏང་ཡོད་ཅེས་བསྟན་པ།
ཨུ་རུ་སུའི་རྒྱལ་སྲུང་པུས་སྤྱི་ཚེས་11ཉིན་ཆ་འཕྲིན་སྤེལ་ནས། ཨུ་རུ་སུའི་དམག་གིས་ཏུན་ཉི་ཚེ་ཁེའི་ཕྱོགས་སུ་སོ་ལེ་ཏའར་མཐའ་འཁོར་གྱི་གྲོང་བརྡལ་ཚོད་འཛིན་བྱས་ཡོད་པ་དང་། ད་དུང་བྱང་རྒྱུད་དང་ལྷོ་རྒྱུད་དུ་སོ་ལེ་ཏའར་ལ་བཀག་སྡོམ་བྱས་ཡོད་ཅེས་བསྟན་ཡོད། ཡུག་རེན་གྱིས། ཡུག་རེན་གྱི་མཁའ་དམག་གིས་ཨུ་རུ་སུའི་མི་སྣ་དང་སྒྲིག་ཆས་གཅིག་བསྡུས་ཁུལ་ལ་རྡུང་རྡེག་ཐེངས་10ལྷག་བཏང་ཡོད་ཅེས་བསྟན་ཡོད། ཕྱོགས་གཉིས་པོས་མིག་སྔར་སྔར་བཞིན་སོ་ལེ་ཏའར་དུ་དམག་འཐབ་དྲག་པོ་བྱེད་བཞིན་ཡོད་པ་དང་། ཨུ་རུ་སུར་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་རེད།