ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ཅུས་ཀྱི་མ་ལག་ལ་སྐྱོན་ཤོར་ནས་གནམ་གྲུའི་ལན་གྲངས་8000ལྷག་ཙམ་ནར་འགྱངས་བྱེད་དགོས་བྱུང་བ།

2023-01-12 10:02:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་11ཉིན་གྱི་ཞོགས་པ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ཅུས་ཀྱི་མ་ལག་ལ་སྐྱོན་ཤོར་བའི་དབང་གིས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་བར། ཨ་རིའི་ས་ཁོངས་ནང་གནམ་གྲུའི་ལན་གྲངས་8609ནར་འགྱངས་བྱས་པ་དང་གནམ་གྲུ་ཐེངས་གྲངས་1251འཕུར་མཚམས་བཞག་ཡོད། དེའི་དབང་གིས་འགྲུལ་པ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་པས། གནམ་ཐང་དུ་ཆུ་ཚོད་ཁ་ཤས་མི་སྒུག་ཀ་མེད་བྱུང་ཡོད། ཅུས་དེས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་11ཉིན་གྱི་སྔ་དྲོར་གནས་ཚུལ་གསར་ཤོས་ཁྱབ་བསྒྲགས་བྱས་ནས། གནས་སྐབས་གནམ་གྲུ་འཕུར་སྐྱོད་བྱེད་མཚམས་འཇོག་པའི་བྱ་ཐབས་མེད་པ་བཟོས་པ་དང་ཨ་རིའི་ས་གནས་ཁག་གི་མཁའ་ཐོག་འགྲིམ་འགྲུལ་འཁོར་སྐྱོད་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད།

དེའི་གོང་ཐོན་པའི་མཁའ་དབྱིངས་ལས་འགན་བརྡ་གཏོང་མ་ལག་ལ་སྐྱོན་ཤོར་བའི་རྒྱུ་རྐྱེན་ལ་མུ་མཐུད་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ཅུས་ཀྱི་མ་ལག་ལ་སྐྱོན་ཤོར་ནས་གནམ་གྲུའི་ལན་གྲངས་8000ལྷག་ཙམ་ནར་འགྱངས་བྱེད་དགོས་བྱུང་བ།

དེའི་གོང་ཐོན་པའི་མཁའ་དབྱིངས་ལས་འགན་བརྡ་གཏོང་མ་ལག་ལ་སྐྱོན་ཤོར་བའི་རྒྱུ་རྐྱེན་ལ་མུ་མཐུད་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།