འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཝུ་ཀན་ཏར་ཨའེ་པོ་ལའི་རིམས་ནད་མཇུག་འགྲིལ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་11ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཨ་ཧྥེ་རི་ཁ་གཞུང་ལས་ཁང་གིས། ཝུ་ཀན་ཏར་ཨའེ་པོ་ལའི་རིམས་ནད་མཇུག་འགྲིལ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
ཝུ་ཀན་ཏའི་རེས་སྐོར་འདིའི་ཨའེ་པོ་ལའི་རིམས་ནད་དེ་ན་ནིང་ཟླ་དགུ་པར་དབུས་རྒྱུད་ས་ཁུལ་དུ་ཐོན་ཡོད། ན་ནིང་ཟླ་12པའི་ཟླ་མཇུག་བར། ཝུ་ཀན་ཏར་ཨའེ་པོ་ལའི་རིམས་ནད་འགོས་པའི་ནད་པ་142གཏན་འཁེལ་བྱུང་བ་དང་གཞན་ཡང་མི་56ནད་དེའི་དབང་གིས་གྲོངས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། མཚམས་གཅོད།