དབྱིན་ཇིའི་མྱུར་སྐྱོབ་ལས་རིགས་ཀྱི་འབྲེལ་ཡོད་མི་སྣས་མུ་མཐུད་ལས་མཚམས་འཇོག་རྒྱུ་ཡིན་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན་དབྱིན་ཇིའི་མྱུར་སྐྱོབ་ལས་རིགས་ཀྱི་འབྲེལ་ཡོད་བཟོ་ཚོགས་ཀྱིས། འཕྲོད་བསྟེན་ལས་ཁུངས་དང་དབྱེན་འབྱེད་གྲོས་མོལ་བརྒྱུད་གླ་ཆ་ཐག་གཅོད་བྱེད་པའི་ཇུས་གཞིར་ངོས་འཛིན་གཅིག་མཐུན་མ་བྱུང་བའི་རྐྱེན་གྱིས། དབྱིན་ཇིའི་མྱུར་སྐྱོབ་ལས་རིགས་ཀྱི་འབྲེལ་ཡོད་མི་སྣས་སྤྱི་ཟླ་༡ཚེས་༡༡ཉིན་ནས་ཚེས་༢༣ཉིན་བར་མུ་མཐུད་ནས་ལས་མཚམས་འཇོག་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུག