ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་དང་རྗེས་དྲན་ཟབ་མོ་ཞུས་པ།

2022-12-05 16:42:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་ཀྲུང་གོ་དང་ཕྱི་ཁོངས་ཀྲུང་གོ་བས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་པ་དང་རྗེས་དྲན་ཟབ་མོ་ཞུས་ཡོད།

ནི་ཁ་ར་ཀྭ་ཡི་ཕྱིར་སྡོད་ཀྲུང་གོ་བ་ཞུད་ཁྲང་པའོ་ཡིས། ལོ་དེ་དག་ནང་ང་རང་ནས་མེས་རྒྱལ་སྟོབས་ཆེར་འགྲོ་དང་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་མཐོ་རུ་སོང་བ་མྱོང་ཚོར་ཟབ་མོ་བྱུང་། ང་རང་ནས་མེས་རྒྱལ་གྱི་མི་དམངས་དང་མཉམ་དུ་སེམས་སྡུག་སྟོབས་ཤུགས་ལ་འགྱུར་བ་བྱེད་པ་དང་། དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་མྱ་ངན་ཞུ་ལུགས་མཚོན་པར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

པེར་ཀྲེམ་གྱི་ཕྱིར་སྡོད་ཀྲུང་གོ་བ་ཀྲེང་ཅ་མིན་གྱིས། ཅང་ཙེ་རྨིན་གྱིས་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེའི་བྱ་བཞག་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། ང་ཚོས་དུས་ནམ་ཡང་ཁོང་ལ་རྗེས་དྲན་ཞུ་རྒྱུ་ཡིན། མི་རབས་གསར་པའི་ཕྱིར་སྡོད་ཀྲུང་ཧྭའི་བུ་ཕྲུག་ཞིག་ཡིན་པའི་ངོས་ནས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།

ཕི་རུ་པིན་གྱི་ཕྱིར་སྡོད་ཀྲུང་གོ་བའི་ལས་རིགས་ཁག་གི་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཡང་ཧྭ་ཧོང་གིས། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་སྒོ་དབྱེ་རྒྱུན་འཁྱོངས་གནང་བ་དང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་ཡོད། ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁོང་ལ་མྱ་ངན་ཞུ་ལུགས་མཆོན་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་དང་རྗེས་དྲན་ཟབ་མོ་ཞུས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་ཀྲུང་གོ་དང་ཕྱི་ཁོངས་ཀྲུང་གོ་བས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་པ་དང་རྗེས་དྲན་ཟབ་མོ་ཞུས་ཡོད།