ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་མི་སྣས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཟབ་མོ་ཞུས་པ།

2022-12-05 16:40:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་མི་སྣས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སེམས་སྡུག་ཆེན་པོ་གནང་བ་དང་། ཁོང་གིས་ཀྲུང་གོར་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་བཏང་བ་མ་ཟད་ཀྲུང་གོའི་རྒྱལ་སྤྱིའི་གནས་བབས་མཐོ་རུ་ཆེན་པོ་བཏང་ཡོད་ཅེས་བསྟན་ཡོད་པ་རེད།

པ་ཙེར་གྱི་ཧྲེན་པའོ་ལོ་མངའ་སྡེ་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་དགེ་རྒན་ཆེན་མོ་བ་ཕི་ལེ་སེས། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཟུར་པ་ཅང་ཙེ་རྨིན་གྱིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་གནང་བ་དང་། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ལ་གལ་ཆེའི་མཆོངས་སྐྱོད་རང་བཞིན་གྱི་གོང་འཕེལ་བྱུང་ཡོད་ཅིང་། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་འགན་ཡུལ་བཞེས་རིང་ཀྲུང་གོའི་སྣེ་ཁྲིད་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་བྱ་དོན་ནང་ཧུར་ཐག་ཞུགས་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད་ཅེས་གསུངས་ཡོད།

ཙན་པི་ཡའི་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་མུའུ་ཧྥུ་ཉིས། སྔོན་ལ་ང་རང་ནས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་ང་རང་ནས་གུས་ཞིང་བརྩེ་བའི་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ་ལུགས་མཆོན་པར་བྱ་རྒྱུ་དང་། བློ་མཐུན་ཅང་ཙེ་རྨིན་གྱིས་ཨ་ཧྥེ་རི་ཁའི་གོང་འཕེལ་ཐད་དོ་ཁུར་ཆེན་མོ་གནང་བ་དང་། སྐབས་དེ་དུས་ཀྱི་ཙན་པི་ཡའི་ཙུང་ཐུང་ཆི་ལུ་པས་ཚོགས་པའི་སྣེ་ཁྲིད་ནས་ཀྲུང་གོར་འཚམས་འདྲི་གནང་བ་དང་། སྐབས་དེ་དུས་ཙམ་པས་ཝེར་ཐན་སྐྱོན་ཕོག་ནས་རྒྱལ་ཡོངས་སུ་འབྲུ་རིགས་འདང་གི་མེད་པ་དང་། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ང་ཚོ་ཙན་པི་ཡའི་ཞིང་ལས་ཚན་པར་ཁ་ཚ་དགོས་གཏུག་གི་རོགས་སྐྱོར་གནང་ཡོད། དེའི་ནང་འབྲུ་རིགས་རོགས་སྐྱོར་དང་གོང་འཕེལ་རོགས་སྐྱོར་སོགས་ཚུད་ཡོད་ཅེས་གསུངས་ཡོད།

ཨ་རིའི་ཁུ་ཨེན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁུ་ཨེན་གྱིས། ཀྲུའུ་ཞི་ཅང་ཙེ་རྨིན་ནི་རྒྱལ་ཁབ་ཀྱི་འགོ་ཁྲིད་རླབས་ཆེན་ཞིག་ཡིན་པ་དང་། བློ་གྲོས་ལྡན་ལ་རང་ཉིད་ཀྱི་རྒྱལ་ཁབ་ལ་དགའ་ཞེན་ཆེན་པོ་གནང་གི་ཡོད། ཁོང་གིས་ཀྲུང་གོར་རླབས་ཆེའི་འཕོ་འགྱུར་ཡོང་བ་བྱས་པ་དང་། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ཆེད་འགྲོ་ལམ་སྟོན་གནང་ཡོད་ཅེས་གསུངས་ཡོད།

ཨུ་རུ་སུའི་ཐ་སེ་གསར་འགྱུར་ཁང་གི་འགོ་འཛིན་གཞོན་པ་དང་པོ་གུ་སེ་མན་གྱིས། ཐོག་མར་ང་རང་ནས་ཀྲུའུ་ཞི་ཅང་ཙེ་རྨིན་གྱི་སྤུན་ཉེ་དང་ཀྲུའུ་གོའི་མི་དམངས་ཡོངས་ལ་སྐྱོ་གདུང་ཆེ་བའི་མྱ་ངན་དང་འཚམས་འདྲི་ཟབ་མོ་ཞུ་ལུགས་མཚོན་པར་བྱ་རྒྱུ་དང་། ཁོང་ནས་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། ཀྲུང་གོའི་མི་དམངས་ཀྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ་ཞིག་རེད། ང་རང་ནས་དེ་སྔོན་ཁོང་ལ་བཅར་འདྲི་བྱེད་མྱོང་ཡོད་པ་དང་། ཁོང་གིས་བཀའ་མོལ་ལས་ཀྲུང་གོའི་གོང་འཕེལ་འགྲོ་ལམ་ལ་བསམ་གཞིགས་གཏིང་ཟབ་གནང་བ་མངོན་པ་དང་། སྔོན་མཐོང་རང་བཞིན་ཆེན་པོ་ལྡན་འདུག་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

རྒྱལ་སྤྱིའི་མི་སྣས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཟབ་མོ་ཞུས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་མི་སྣས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སེམས་སྡུག་ཆེན་པོ་གནང་བ་དང་།