ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་མང་པོའི་འགོ་ཁྲིད་མི་སྣས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཞུས་པ།

2022-12-05 16:35:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་མང་པོའི་འགོ་ཁྲིད་མི་སྣས་མུ་མཐུད་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བསྐུར་བའམ་ཐབས་ལམ་གཞན་དག་བརྒྱུད་ནས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་ཡོད།

ཐེ་ལན་རྒྱལ་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་གིས་ཀྲུའུ་ཞི་ཅང་ཙེ་རྨིན་ནི་སྙན་སྐད་གྲགས་རྒྱལ་སྤྱིར་ཁྱབ་པའི་ཀྲུང་གོའི་འགོ་ཁྲིད་པ་ཞིག་ཡིན་པ་མ་ཟད། དེ་བས་ཐེ་ལན་མི་དམངས་ཀྱིས་གུས་བཀུར་ཆེན་པོ་བྱེད་པའི་ཁྱིམ་མི་ལྟ་བུ་ཡང་ཡིན། སྤྱི་ལོ་1999ལོར་ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ཐེ་ལན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དེས་ཐེ་ལན་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་ཡོད་ཅེས་གསུངས་འདུག

མོ་རོ་ཁོའི་རྒྱལ་པོ་ཁྲི་ཐོག་དྲུག་པ་མོ་ཧན་མོ་ཏེས་ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ཀྲུང་གོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་ཐོག་གི་ཀྲུང་གོའི་གནས་བབ་མཐོ་རུ་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་འདུག

ནི་ཀྲེ་རི་ཡའི་ཙུང་ཐུང་པུའུ་ཧ་ལིས་སྐུ་ཞབས་ཅང་ཙེ་རྨིན་གྱིས་ཀྲུང་གོར་སྣེ་ཁྲིད་ཀྱིས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་ཡོད། དཔལ་འབྱོར་ཁྱབ་ཁོངས་ནང་ཁོང་གི་འགོ་ཁྲིད་ཀྱི་གྲུབ་འབྲས་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁོང་ཡིད་ལ་བརྟན་པོར་ངེས་རྒྱུ་རེད་ཅེས་གསུངས་འདུག

ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་ཡིས། ཁྱད་དུ་འཕགས་པའི་ཆབ་སྲིད་མཁས་ཅན་སྐུ་ཞབས་ཅང་ཙེ་མིན་གྱིས་དཔལ་འབྱོར་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་འབད་བརྩོན་གནང་བ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་གནང་ཡོད། ང་ཚོས་ཁོང་གི་གཉེན་ཉེ་དང་། གྲོགས་པོ། ཀྲུང་གོ་མི་དམངས་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེ་ཡིས། ཀྲུའུ་ཞི་ཅང་ཙེ་རྨིན་ལ་རྗེས་དྲན་ཟབ་མོ་ཞུ་རྒྱུ་མ་ཟད། ཁོང་གིས་བཏོད་པའི་འོད་སྟོང་འཕྲོ་བའི་བྱ་གཞག་ལ་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ལ་མཛའ་བརྩེ་དང་ལྡན་པའི་ཀྲུང་གོའི་མི་དམངས་ལ་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་ཡིས། ཀྲུའུ་ཞི་ཅང་ཙེ་རྨིན་གྱི་དངོས་གཉེར་ཐུགས་གཤིས་དང་། གསར་གཏོད་ཀྱི་སྙིང་སྟོབས། ཁྱད་འཕགས་ཀྱི་འཇོན་ཐང་། གཟིགས་རྒྱང་རིང་པོ་བཅས་འཛམ་གླིང་ཡོངས་ཀྱི་སེམས་ནང་བརྟན་པོར་ངེས་རྒྱུ་རེད་ཅེས་གསུངས་འདུག

པར་ཙིར་གྱི་ཙུང་ཐུང་བོ་སུའོ་ན་ལུའོ་ཡིས། ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་དེ་ཀྲུའུ་ཞི་ཅང་ཙེ་རྨིན་གྱི་འགན་ཡུན་ནང་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་འཕར་ཞིང་། པར་ཙིར་ནི་ཀྲུང་གོའི་བར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་མཁན་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཨང་དང་པོར་གྱུར་ཡོད། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

དབྱི་སི་རལ་གྱི་ཙུང་ཐུང་ཧེའར་ཙུའོ་ཀེས། དབྱི་སི་རལ་མི་དམངས་ཀྱིས་སྐུ་ཞབས་ཅང་ཙེ་རྨིན་གྱིས་དབྱི་སི་རལ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཕུལ་བའི་ལེགས་སྐྱེས་གལ་ཆེན་བརྗེད་མི་སྲིད་ཅེས་གསུངས་འདུག

བྷང་ག་ལའི་རྒྱལ་ཁབ་ཀྱི་ཙུང་ལི་ཧ་ཞི་ནས། ཀྲུའུ་ཞི་ཅང་ཙེ་རྨིན་གྱི་འགན་ཡུན་ནང་བྷང་ག་ལ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བར་ཤུགས་སྣོན་ཆེན་པོ་ཐེབས་ཡོད། ང་རང་ནས་བྷང་ག་ལའི་མི་དམངས་དང་སྲིད་གཞུང་གི་ཚབ་ཞུས་ཏེ་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་དང་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

སུའོ་ལུའོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅ་ཝ་ལུའེ་ཡིས། སུའོ་ལུའོ་མོན་གླིང་ཚོམ་གྱི་སྲིད་གཞུང་དང་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་མི་དམངས་དང་མཉམ་དུ་ལངས་ནས་རླབས་ཆེན་གྱི་འགོ་ཁྲིད་པ་ཁོང་སྐུ་གཤེགས་པར་མཉམ་དུ་མྱ་ངན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

ཁུ་ཝེ་ཐེའི་ཨའེ་སྨིར་ན་ཝ་ཧྥུ་དང་། ཁུ་ཝེ་ཐེའི་རྒྱལ་རྒྱུད་སྨི་ཧྲ་ལེ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ས་ཧོ་ལེ། ཁེ་མེ་རོང་གི་ཙུང་ཐུང་པི་ཡ། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ཧན་མོ་ཏེ། ཁ་ཐར་གྱི་ཨའེ་སྨིར་ཐ་སྨི་མུའུ། ཨ་མན་གྱི་སུའུ་ཏན་ཧའེ་སའེ་མུའུ། པ་རེན་གྱི་རྒྱལ་པོ་ཧ་མ་ཏེ།

ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས་མུའུ་ཧན་མོ་ཏེ། ཁ་ཐར་གྱི་ཨའེ་སྨི་ཨར་གཞོན་པ་ཨབ་ཏུའུ་ལ་དང་དབུ་བཞུགས་བློན་ཆེན་དང་ནང་སྲིད་བློན་ཆེན་གཅིག་ལྕོགས་ཧ་ལི་ཏེ།

ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་སོགས་ནས་ཀྱང་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་བློ་མཐུན་ཅང་ཙེ་རྨིན་གྱི་ཁྱིམ་མི་དང་། ཀྲུང་གོའི་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

རྒྱལ་ཁབ་མང་པོའི་འགོ་ཁྲིད་མི་སྣས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཞུས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་མང་པོའི་འགོ་ཁྲིད་མི་སྣས་མུ་མཐུད་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བསྐུར་བའམ་ཐབས་ལམ་གཞན་དག་བརྒྱུད་ནས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་ཡོད།