ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུས་སླར་ཡང་གཏན་སྡོད་ས་ཚིགས་ཤིག་ཚོད་འཛིན་བྱས་ཟིན་ཞེས་བཤད་པ་དང་། ཡུག་རེན་གྱིས་ཨུ་རུ་སུའི་དམག་གི་རྟེན་གཞི་ཞིག་ལ་མཁའ་ཐོག་འཇབ་རྒོལ་བྱས་ཟིན་བཤད་པ།

2022-12-02 16:29:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཏུན་ཉེ་ཚེ་ཁེ་ས་ཁུལ་གྱི་ཡུག་རེན་དམག་གི་མཁོ་སྒྲུབ་ལམ་ཐིག་ཐོག་གི་གྲོང་རྡལ་གལ་ཆེན་པ་ཧེ་མུའུ་ཐེ་དང་དེ་བཞིན་ཉེ་འགྲམ་ས་ཁོངས་ལ་གཞིགས་ནས་འཐབ་རྩོད་དྲག་པོ་བྱས་ཡོད།
སྤྱི་ཟླ་༡༢ཚེས་༡ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས། ཨུ་རུ་སུའི་དམག་གིས་ཁུའར་ཅིའུ་མོ་ཧྥུ་ཁ་གྲོང་རྡལ་རྦད་དེ་ཚོད་འཛིན་བྱས་ཟིན་ཞེས་བཤད་པ་དང་། དེ་ནི་ཨུ་རུ་སུའི་དམག་གིས་སྤྱི་ཟླ་༡༡ཚེས་༣༠ཉིན་ནས་བཟུང་ཚོད་འཛིན་བྱས་པའི་པ་ཧེ་མུའུ་ཐེ་ཉེ་འགྲམ་གྱི་གཏན་སྡོད་ས་ཚིགས་བཞི་པ་དེ་ཡིན། དེ་མིན། ཨུ་རུ་སུའི་དམག་གིས་ཁུ་ཕི་ཡང་སི་ཁེ་དང་། ཧུང་ལི་མན། ཏུན་ཉེ་ཚེ་ཁེ་ལྷོ་ཕྱོགས་ཀྱི་ཁ་ཕྱོགས་སུ་ཡུག་རེན་དམག་གི་དཔུང་འཇུག་མཐར་བཀྲོད་བཏང་བ་མ་ཟད་ཡུག་རེན་གྱི་དམག་མི་དང་། ཐན་ཁེ་སོགས་དྲག་ཆས་གོ་མཚོན་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་པ་རེད།

ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་སྤེལ་བའི་དམག་དོན་གནས་ཚུལ་ནང་། ཨུ་རུ་སུའི་དམག་གིས་པ་ཧེ་མུའུ་ཐེ་ཁ་ཕྱོགས་སུ་དམག་ཤུགས་རུབ་བསྡུས་བྱས་ནས་དཔུང་འཇུག་བྱེད་འགོ་ཚུགས་པ་དང་ཆབས་ཅིག་ཐན་ཁེ་དང་མེ་སྒྱོགས་བེད་སྤྱད་ནས་ཁ་ཕྱོགས་དེའི་ངོགས་ཀྱི་གཏན་སྡོད་ས་ཚིགས་མང་པོ་ཞིག་ལ་མེ་སྒྱོགས་ཀྱིས་ཕར་རྒོལ་བྱས་ཡོད། ཨུ་རུ་སུའི་དམག་གིས་ཁུ་ཕི་ཡང་སི་ཁེ་ཁ་ཕྱོགས་དང་། ཧུང་ལི་མན་ཁ་ཕྱོགས་གཉིས་སུ་འགོག་སྲུང་བྱེད་བཞིན་ཡོད་པ་རེད། དེ་མིན། ཡུག་རེན་གྱི་མཁའ་དམག་གིས་ཉིན་དེར་ཨུ་རུ་སུའི་དམག་གི་མི་སྣ་དང་དྲག་ཆས་གོ་མཚོན་གྱི་གཅིག་བསྡུས་ས་ཁོངས། མཁའ་ཟོན་མེ་སྒྱོགས་ཀྱི་འཐབ་སར་རྡུང་རྡེག་ཐེངས་མང་བཏང་ཡོད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཨུ་རུ་སུས་སླར་ཡང་གཏན་སྡོད་ས་ཚིགས་ཤིག་ཚོད་འཛིན་བྱས་ཟིན་ཞེས་བཤད་པ་དང་། ཡུག་རེན་གྱིས་ཨུ་རུ་སུའི་དམག་གི་རྟེན་གཞི་ཞིག་ལ་མཁའ་ཐོག་འཇབ་རྒོལ་བྱས་ཟིན་བཤད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཏུན་ཉེ་ཚེ་ཁེ་ས་ཁུལ་གྱི་ཡུག་རེན་དམག་གི་མཁོ་སྒྲུབ་ལམ་ཐིག་ཐོག་གི་གྲོང་རྡལ་གལ་ཆེན་པ་ཧེ་མུའུ་ཐེ་དང་དེ