ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཞུས་པ།

2022-12-02 16:26:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལགསལ། རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་མ་ཟད་ཐབས་ལམ་གཞན་དག་ཐོག་ནས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སེམས་སྡུག་ཆེན་པོས་མྱ་ངན་ཞུས་ཡོད།

ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས། བློ་མཐུན་ཅང་ཙེ་རྨིན་གྱིས་དེང་རབས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་སྤྱིའི་གནས་བབ་མཐོ་རུ་འགྲོ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བློ་མཐུན་ཅང་ཙེ་རྨིན་ནི་ཨུ་རུ་སུའི་གྲོགས་པོ་རྙིང་པ་ཡིན་པ་དང་། ཨུ་ཀྲུང་འབྲེལ་བ་དེ་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ང་རང་ནས་བླ་ན་མེད་པའི་སྙན་གྲགས་དང་མི་སྒེར་གྱི་ཡིད་དབང་འཕྲོག་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་ཆབ་སྲིད་མཁས་པ་ཁོང་ནམ་ཡང་བློ་ལ་བརྟན་པོར་ངེས་རྒྱུ་ཡིན། བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེ་དང་དེ་བཞིན་ཀྲུང་གོའི་མི་དམངས་ཡོངས་ལ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞུ་རྒྱུ་ཡིན་ཞེས་བསྟན་འདུག

ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱིས། བློ་མཐུན་ཅང་ཙེ་རྨིན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བློ་མཐུན་ཅང་ཙེ་རྨིན་ནི་ལོ་སིའི་ཏང་དང་མི་དམངས་ཀྱི་མཛའ་མཐུན་གྲོགས་པོ་ཡིན་པ་དང་། ལོ་ཀྲུང་གི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གནང་ཡོད། ང་ཚོས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་ཡིན་ཞེས་བསྟན་འདུག

ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་·ཁ་ནེར་གྱིས། བློ་མཐུན་ཅང་ཙེ་རྨིན་ནི་ཁྱད་དུ་འཕགས་པའི་ཆབ་སྲིད་མཁས་ཅན་དང་གུང་ཁྲན་རིང་ལུགས་ཀྱི་འགོ་ཁྲིད་པ། ཁུ་པའི་གསར་བརྗེའི་བརྩེ་བ་ཟབ་པའི་གྲོགས་པོ་བཅས་ཡིན། ཁུ་པས་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ལ་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་ཡིན་ཞེས་བསྟན་འདུག

པུ་རུ་ནེའི་རྒྱལ་པོ་ཧ་སང་ནའར་གྱིས། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ཀྲུང་གོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དེ་བརྟན་ལྷིང་དང་དཔལ་འབྱོར་དར་རྒྱས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། པུ་རུ་ནེས་ཁོང་ནས་པུ་རུ་ནེ་དང་ཀྲུང་གོའི་ཡུན་རིང་འབྲེལ་བ་གཏིང་ཟབ་ཏུ་བཏང་བར་ལེགས་སྐྱེས་ཕུལ་བར་ཚད་མཐོའི་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་བསྟན་འདུག

སིང་ཀ་ཕོར་གྱི་ཙུང་ཐུང་ཧ་ལི་མས། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ཀྲུང་གོར་འགོ་ཁྲིད་དེ་ཀྲུང་གོའི་དཔལ་འབྱོར་བསྒྱུར་བཅོས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། སྡུག་བསྔལ་གྱི་མནར་བའི་དུས་འདིར་ང་ཚོའི་མྱ་ངན་གྱི་བསམ་པ་ཀྲུང་གོའི་མི་དམངས་དང་མཉམ་དུ་གནས་ཡོད་ཅེས་བསྟན་འདུག

མར་ཏི་ཝེའི་ཙུང་ཐུང་ས་ལི་ཧོ་ཡིས། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་རྒྱལ་སྤྱིའི་གར་སྟེགས་ཐོག་གི་ཀྲུང་གོའི་ལེགས་སྐྱེས་འབུལ་མཁན་གལ་ཆེན་གྱི་གནས་བབ་བརྟན་དུ་བཏང་ཡོད། གཟིགས་རྒྱང་རིང་བའི་འགོ་ཁྲིད་པ་ཞིག་ཡིན་པའི་ངོས་ནས་བློ་ལ་བརྟན་པོར་ངེས་རྒྱུ་ཡིན་ཞེས་བསྟན་འདུག

ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་ཡིས། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་རྒྱུར་སྐུ་ལས་བསྐྱོན་གནང་ནས་ཧ་སག་སི་ཐན་དང་ཀྲུང་གོའི་མཛའ་གྲོགས་བརྟན་དུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་གནང་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ནམ་ཡང་བློ་ལ་བརྟན་པོར་ངེས་རྒྱུ་རེད་ཅེས་བསྟན་འདུག

ཐ་ཇི་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་གིས། ཐ་ཇི་སི་ཐན་ཕྱོགས་ཀྱིས་སྐུ་ཞབས་ཅང་ཙེ་རྨིན་གྱིས་ཀྲུང་གོའི་འཕེལ་རྒྱས་དང་དེ་བཞིན་ཐ་ཀྲུང་འབྲེལ་བའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཁོང་སྐུ་གཤེགས་པ་ནི་གྱོང་གུན་ཆེན་པོ་ཞིག་རེད་ཅེས་བསྟན་འདུག

བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་ཡིས། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་སྟོབས་འབྱོར་མངའ་ཐང་རྒྱས་པ་མངོན་གྱུར་བྱུང་བ་དང་། བྷེ་ཀྲུང་འབྲེལ་བའི་རྨང་གཞི་འདིང་མཁན་ཞིག་ཡིན་པས། བྷེ་ཀྲུང་གི་འབྲེལ་བ་འཕེལ་རྒྱས་དང་སྲ་བརྟན་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན་འདུག

ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས། ང་རང་མི་སྒེར་དང་ཕ་ལེ་སི་ཐན་མི་དམངས་ཀྱིས་ཕུལ་བྱུང་འགོ་ཁྲིད་པ་དེ་ནམ་ཡང་བློ་ལ་བརྟན་པོ་ངེས་ཀྱི་ཡོད། ཁོང་ནི་ཕ་ལེ་སི་ཐན་མི་དམངས་དང་། བྱ་གཞག ཁྲིམས་མཐུན་ཁེ་དབང་བཅས་ལ་རྒྱབ་སྐྱོར་གནང་མཁན་དང་། ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྐུལ་འདེད་གཏོང་གནང་མཁན། ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་འབྲེལ་བ་འཛུགས་གནང་མཁན་བཅས་རེད། ང་རང་ནས་ཕ་ལེ་སི་ཐན་རྒྱལ་ཁབ་དང་མི་དམངས་ཀྱི་ཚབ་ཞུ་རྒྱུ་མ་ཟད། ང་རང་མི་སྒེར་གྱི་མིང་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོའི་སྲིད་གཞུང་། མཛའ་གྲོགས་ཀྱི་ཀྲུང་གོ་མི་དམངས་བཅས་དང་དེ་བཞིན་འདས་པོའི་ཁྱིམ་མིར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་ཡིན་ཞེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཞུས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལགསལ། རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་མ་ཟད་ཐབས་ལམ་གཞན་ད