ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡོ་རོབ་གླིང་གི་ལས་རིགས་མང་པོས་ལས་མི་ཉུང་དུ་གཏོང་རྩིས་ཡོད་པ་དང་། ལས་ཞུགས་ཁྲོམ་རའི་མདུན་ལྗོངས་ཡག་པོ་མེད་པ།

2022-11-30 19:36:00     责编:桑吉卓玛

ཉེ་ཆར། ཡོ་རོབ་གླིང་གི་ནུས་རྒྱུའི་ཉམས་ཉེན་དང་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནད་དོན་མུ་མཐུད་ཐོན་བཞིན་ཡོད་པ་དང་། ཡོ་རོབ་ཀྱི་ཁེ་ལས་མང་པོ་ཞིག་གི་མ་གནས་མཐོ་རུ་ཕྱིན་པ་དང་། དགོས་མཁོ་ཆུང་བ། མ་འཇོག་བྱ་རྒྱུ་གནས་སྐབས་དལ་དུ་སོང་བ་བཅས་ཀྱི་གནས་སུ་གྱར་བ། བཟོ་སྐྲུན་དང་རྫས་འགྱུར་བཟོ་ལས། མཁའ་འགྲུལ་སོགས་ལས་རིགས་མང་པོ་ཞིག་གིས་ཉེ་དུས་ལས་མི་ཉུང་དུ་གཏོང་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས་འདུག ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས། ཁེ་ལས་ཀྱིས་ལས་མི་ཉུང་དུ་གཏོང་ཚུལ་རྒྱུན་མཐུད་བྱ་རྒྱུ་་ཡིན་པས། ཡོ་རོབ་ཀྱི་ལས་ཞུགས་ཁྲོམ་རར་གནོན་ཤུགས་འཕྲད་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

མིག་སྔར་ཡོ་རོབ་ས་ཁུལ་དུ་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནོན་ཤུགས་ཆེ་རུ་སོང་བ་དང་། ནུས་རྒྱུའི་ཉམས་ཉེན་སེལ་དཀའ་བའི་ཁར། ཡོ་རོབ་ཀྲུང་དབྱང་དངུལ་ཁང་གིས་སྐྱེད་ཀ་ཆེས་ཆེར་སྤར་བ་དང་། ཡོ་རོབ་དཔལ་འབྱོར་གྱི་གནོན་ཤུགས་སྔར་བས་ཆེ་རུ་ཕྱིན་པས། ཡོ་རོབ་ཀྱི་ཁེ་ལས་མང་པོ་ཞིག་ལ་མ་གནས་མཐོ་བ་དང་དགོས་མཁོ་ཞན་པའི་དཀའ་ངལ་འཕྲད་འདུག

འཇར་མན་གྱི་རྫས་འགྱུར་བཟོ་ལས་ཆེ་ཤོས་པ་སི་ཧྥུའུ་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མ་ཏིང་པུའུ་ལུའུ་ཏེ་སྨི་ལེ་ཡིས། ཡོ་རོབ་ཀྱི་རྫས་འགྱུར་བཟོ་ལས་ཁྲོམ་ར་ལོ་བཅུ་ཙམ་རིང་དཔལ་འབྱོར་འཕར་ཤུགས་ཆེན་པོ་མེད་པ་དང་། ནུས་རྒྱུའི་མ་གནས་ཆེས་ཆེར་འཕར་བས་པ་སི་ཧྥུའུ་ལ་གནོན་ཤུགས་འཕྲད་ཡོད། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར། པ་སི་ཧྥུའུ་ཡི་ཡོ་རོབ་ཐོན་སྐྱེད་རྟེན་གཞིའི་རང་བྱུང་སོལ་རླངས་ཀྱི་འགྲོ་གྲོན་དེ། ན་ནིང་གི་དུས་མཚུངས་ལས་ཡོ་སྒོར་དུང་ཕྱུར་22འཕར་བ་དང་ཁེ་ལས་ཀྱི་དུས་ཚིགས་གསུམ་པའི་ཁེ་སྤོགས་ན་ནིང་གི་དུས་མཚུངས་ལས་བཅུ་ཆ་གསུམ་ཙམ་ཆག་ཡོད་ཅེས་བསྟན་ཡོད་པ་རེད།

ཧོ་ལན་གྱི་སྨན་བཅོས་སྒྲིག་ཆས་བཟོ་སྐྲུན་ཚོང་པ་ཧྥེ་ལི་ཕུའུ་དང་རླུང་གློག་བཟོ་སྐྲུན་ཀུང་སི་ཆེ་ཤོས་ཤིས་མོན་ཙེ་བཅས་ཀྱིས། གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་ཤར་གཏོང་མ་ཐུབ་པས། ཁེ་ལས་གཉེར་སྐྱོང་དང་ཁེ་སྤོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅེས་བསྟན་འདུག

ཧྥིན་ལན་མཁའ་འགྲུལ་གྱི་དབུ་བཞུགས་ལག་བསྟར་དཔོན་ཐུའོ་ཕི་མན་ན་ཡིས། ཡུག་རེན་གྱི་ཉམས་ཉེན་ཆེ་རུ་ཕྱིན་པའི་རྐྱེན་གྱིས། ཡོ་རོབ་རྒྱལ་ཁབ་མང་པོ་དང་ཨུ་རུ་སུའི་བར་མཁའ་དབྱིངས་ཕན་ཚུན་སྒོ་བརྒྱབ་པ་དང་། འབར་སྣུམ་གྱི་རིན་གོང་ཆེས་ཆེར་འཕར་བས། མཁའ་འགྲུལ་ཀུང་སིའི་གཉེར་སྐྱོང་དང་འཕེལ་རྒྱས་ལ་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་ཡོད་པ་དང་། ཧྥིན་ལན་གྱི་མཁའ་འགྲུལ་ནས་ལས་མི་ཉུང་དུ་གཏོང་རྒྱུ་དེ། དཀའ་ཚེགས་ཆེ་ཡང་དགོས་ངེས་ཀྱི་བྱ་ཐབས་ཤིག་ཏུ་མ་རྩིས་ཀ་མེད་ཐུག་ཡོད་ཅེས་བཤད་པ་རེད།

འཇར་མན་དབྱི་ཧྥུའུ་དཔལ་འབྱོར་ཞིབ་འཇུག་སུའོ་ཡིས་ཁྱབ་བསྒྲགས་བྱས་པའི་སྤྱི་ཟླ་10པའི་འཇར་མན་གྱི་ལས་ཞུགས་སྟོན་གྲངས་ལས་མངོན་པར། འཇར་མན་ཁེ་ལས་ཀྱི་མི་བསྡུ་བའི་འདོད་མོས་མུ་མཐུད་ཆག་པ་དང་། སྤྱི་ལོ་2021ལོའི་ཟླ་བ་4པ་ནས་བཟུང་གི་དམའ་ཤོས་སུ་སླེབས་ཡོད་པ་རེད། དེའི་ནང་བཟོ་ལས་ཀྱི་ལས་ཞུགས་སྟོན་གྲངས་དེ། ཟླ་བ་20ཚུན་དུ་ཐོག་མར་ཀླད་ཀོར་འོག་ཆག་པ་དེའི་ཐོག་ནས། ལས་མི་ཉུང་དུ་གཏོང་རྩིས་ཡོད་པའི་ཁེ་ལས་དེ་དག་ལས་མི་བསྡུ་འདོད་ཡོད་པའི་ཁེ་ལས་ལས་མང་བ་ཡོད་པ་མཚོན་གྱི་ཡོད།

ཡོ་རོབ་ས་ཁུལ་གྱི་ལས་སྒོའི་ཁེ་སྤོགས་ཉུང་དུ་འགྲོ་བར་ཁ་གཏད་གཅོག་ཆེད། ཉེ་དུས་པ་སི་ཧྥུའུ་ཡིས་ལས་མི་ཉུང་དུ་གཏོང་བ་ཚུད་པའི་མ་གནས་ཉུང་གཏོང་འཆར་གཞི་ཁྱབ་བསྒྲགས་བྱས་ནས། སླད་ཕྱིན་ལོ་གཉིས་ནང་ཡོ་རོབ་ས་ཁུལ་གྱི་མ་གནས་ལོ་རེར་ཡོ་སྒོར་དུང་ཕྱུར་5ཉུང་དུ་བཏང་བའི་ནང་། ཕྱེད་ཀ་ཡན་གྱི་མ་གནས་ཉུང་གཏོང་བྱ་རྒྱུ་དེ་འཇར་མན་གྱི་སྤྱི་ཁྱབ་པུར་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

འཇར་མན་གྱི་རླངས་འཁོར་དང་བཟོ་ལས་ཐོན་རྫས་མཁོ་སྤྲོད་ཚོང་པ་ཧྲེ་ཧྥུའུ་ལེ་ཡིས་ཟླ་གོང་མར། སྤྱི་ལོ་2026ལོའི་གོང་ལས་གནས་1300ཉུང་དུ་གཏོང་རྒྱུ་དང་། དེའི་ནང་ནས་1000འཇར་མན་དུ་ཡོད་ཅིང་། དེ་དག་གཙོ་བོ་སྲིད་འཛིན་དོ་དམ་དང་ཞིབ་འཇུག་གསར་སྤེལ་སྡེ་ཚན་དང་འབྲེལ་བ་ཡོད་ཅེས་བཤད་པ་རེད།

གྲུབ་འབྲས་ཆག་པའི་ཤུགས་རྐྱེན་ཐེབས་ནས། ཉིན་ཤས་གོང་ཧྥེ་ལི་ཕུའུ་ཡིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་མི་4000ཉུང་དུ་བཏང་བ་དེས། ཀུང་སིའི་ལས་མིའི་བསྡོམས་འབོར་གྱི་5%ལས་བརྒལ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། ཧྥེ་ལི་ཕུའུ་ཡི་དབུ་བཞུགས་ལག་བསྟར་དཔོན་ཡ་ཀེ་པུའུ་སིས། ཁེ་ལས་ཀྱིས་གཉེར་སྐྱོང་འགྲོ་སོང་ཉུང་དུ་གཏོང་བ་དང་རྩ་འཛུགས་ཀྱི་གྲུབ་ཆ་སྟབས་བདེ་རུ་གཏོང་དགོས་ཀྱི་ཡོད་ཅེས་བསྟན་འདུག

ཤིས་མོན་ཙེ་ཡིས། ཉིན་ཤས་གོང་གོ་ལ་ཧྲིལ་པོར་མི་2900ཉུང་དུ་བཏང་བ་དང་། ལས་གནས་ཕྱེད་ཀ་ཡན་ཡོ་རོབ་ཏུ་ཡོད། ཀུང་སིའི་སྤྱི་འདོམས་ཨའེ་ཁེ་ཧོར་ཐེས། དཀའ་ཚེགས་ཆེ་བའི་གནས་བབ་ཀྱི་མདུན་དུ་ཁེ་ལས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། གཉེར་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ཞེས་བཤད་པ་རེད།

ཧྥིན་ལན་མཁའ་འགྲུལ་ཀུང་སིས་སྤྱི་ཚེས་21ཉིན། མི་150ཉུང་དུ་བཏང་བ་དང་། དེས་དེའི་ལས་མི་ཡོངས་ཀྱི་3%ཙམ་བཟུང་གི་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

རིགས་གཅིག་མཁས་ཅན་མང་པོ་ཞིག་གིས། ཡོ་རོབ་ཀྱི་ནུས་རྒྱུ་མཁོ་སྤྲོད་ཀྱི་མདུན་ལམ་ཡག་པོ་མེད་པ་དང་། ཁེ་ལས་ཀྱི་ལས་མི་ཉུང་དུ་གཏོང་ཚུལ་མུ་མཐུད་རྒྱུ་འཁྱོངས་བྱ་རྒྱུ་ཡིན་པས། ཡོ་རོབ་ཀྱི་ལས་ཞུགས་ཁྲོམ་རར་གནོན་ཤུགས་འཕྲད་ངེས་ཡིན་པའི་ངོས་འཛིན་བྱས་པ་རེད།

འཇར་མན་གྱི་དབྱི་ཧྥུའུ་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧྥེ་སི་ཐེས། འཇར་མན་གྱི་བཟོ་ལས་དུས་ཐུང་ནང་ནུས་རྒྱུ་དང་མཁོ་སྤྲོད་མི་འདང་བའི་ཉམས་ཉེན་ལས་གྲོལ་ཐུབ་ཡོད་མོད། འོན་ཀྱང་བཟོ་ལས་ཁེ་ལས་ཀྱི་ནུས་རྒྱུའི་མ་གནས་མཐོ་པོ་ཡོད་པའི་དབང་གིས། རྒྱལ་ནང་དུ་མ་འཇོག་བྱེད་མཚམས་བཞག་ཚེ། འཇར་མན་གྱི་ལས་ཞུགས་ཁྲོམ་རར་ཉེན་ཁ་འཕྲད་རྒྱུ་རེད་ཅེས་བསྟན་འདུག

ཞིབ་འཇུག་སོའོ་དེའི་སྤྱི་ཁོག་དཔལ་འབྱོར་དང་བརྟག་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཨོའར་ལ་པེས། འཇར་མན་གྱི་བཟོ་ལས་ཁྱབ་ཁོངས་སུ་ལས་ཞུགས་ཐུབ་ཚད་དོ་སྙོམས་པའམ་ཡང་ན་ཆག་རྒྱུ་དེས་། དུས་མཚུངས་སུ་སིལ་ཚོང་ལས་རིགས་སུ་ལས་མི་ཉུང་དུ་གཏོང་བའི་གནས་ཚུལ་ཐོན་རྒྱུ་ཡིན་རེད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཡོ་རོབ་གླིང་གི་ལས་རིགས་མང་པོས་ལས་མི་ཉུང་དུ་གཏོང་རྩིས་ཡོད་པ་དང་། ལས་ཞུགས་ཁྲོམ་རའི་མདུན་ལྗོངས་ཡག་པོ་མེད་པ།

ཉེ་ཆར། ཡོ་རོབ་གླིང་གི་ནུས་རྒྱུའི་ཉམས་ཉེན་དང་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནད་དོན་མུ་མཐུད་ཐོན་བཞིན་ཡོད་པ་དང་། ཡོ་རོབ་ཀྱི་ཁེ་ལས་མང་པོ་ཞིག་གི་མ་གནས་མཐོ་རུ་ཕྱིན་པ་དང་།