ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་དམག་གིས་ཏུན་ཉེ་ཚེ་ཁེ་ཁ་ཕྱོགས་སུ་མུ་མཐུད་ནས་ཡུག་རེན་དམག་ལ་དཔུང་འཇུག་བྱེད་བཞིན་ཡོད་པ་དང་། ཡུག་རེན་དམག་གིས་ཨུ་རུ་སུའི་དམག་གི་དཔུང་འཇུག་མཐར་དཀྲོད་བཏང་ཡོད་ཅེས་བཤད་པ།

2022-11-30 19:34:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་29ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའི་མགྲིན་ཚབ་པས། ཨུ་རུ་སུའི་དམག་གིས་མུ་མཐུད་ནས་ཏུན་ཉེ་ཚེ་ཁེར་ཡོད་པའི་ཡུག་རེན་དམག་དཔུང་ཕྱོགས་སུ་དཔུང་འཇུག་བྱས་ཡོད། ཨུ་རུ་སུའི་མཁའ་སྐྱོད་དམག་དང་མེ་སྒྱོགས་དཔུང་སྡེས་ཡུག་རེན་གྱི་ཧའར་ཁེ་ཧྥུ་དང་། ཏུན་ཉེ་ཚེ་ཁེ། ཧེའར་སུང་ས་ཁུལ་དུ་ཡོད་པའི་བཀོད་འདོམས་ཁང་དང་། མེ་སྒྱོགས་དམག་གི་དམག་ས། དེ་བཞིན་མི་སྣ་དང་སྒྲིག་ཆས་གཅིག་བསྡུས་ཁུལ་བཅས་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་འདུག ཡུག་རེན་གྱི་སྤྱི་ཁྱབ་དྲག་ཇུས་པུས་སྤྱི་ཚེས་29ཉིན་སྤེལ་བའི་གསར་འགྱུར་ནང་། ཨུ་རུ་སུའི་དམག་གིས་སྤྱི་ཚེས་28ཉིན་ལུ་ཀན་སི་ཁེ་དང་ཏུན་ཉེ་ཚེ་ཁེའི་དམངས་སྡོད་ཁུལ་10ལ་འཇབ་རྒོལ་བྱས་ཡོད་པ་དང་། ཡུག་རེན་དམག་གིས་ཨུ་རུ་སུའི་དམག་གི་དཔུང་འཇུག་མཐར་དཀྲོད་བཏང་ཡོད། ཡུག་རེན་དམག་གིས་འགོག་སྲུང་ཁྲོད་ད་དུང་ཨུ་རུ་སུའི་དམག་གི་སུའུ་24དང་25རྟགས་ཅན་གྱི་དམག་འཐབ་གནམ་གྲུ་གཉིས་གཏོར་ལྷུངས་བཏང་ཡོད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཨུ་རུ་སུའི་དམག་གིས་ཏུན་ཉེ་ཚེ་ཁེ་ཁ་ཕྱོགས་སུ་མུ་མཐུད་ནས་ཡུག་རེན་དམག་ལ་དཔུང་འཇུག་བྱེད་བཞིན་ཡོད་པ་དང་། ཡུག་རེན་དམག་གིས་ཨུ་རུ་སུའི་དམག་གི་དཔུང་འཇུག་མཐར་དཀྲོད་བཏང་ཡོད་ཅེས་བཤད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་29ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའི་མགྲིན་ཚབ་པས། ཨུ་རུ་སུའི་དམག་གིས་མུ་མཐུད་ནས་ཏུན་ཉེ་ཚེ་ཁེར་ཡོད་པའི་ཡུག་རེན་དམག་དཔུང་ཕྱོགས་སུ་དཔུང་འཇུག་བྱས་ཡོད།