ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་རྗེས་སུ་འབྲངས་རིན་ཡོད་དམ་ཞེས་ཡོ་རོབ་གླིང་གིས་ཡུག་རེན་གྱི་ཉམས་ཉེན་ལ་བསམ་གཞིག་བྱས་པ།

2022-11-29 16:08:00     责编:桑吉卓玛

ཡུག་རེན་གྱི་ཉམས་ཉེན་ཇེ་སྡུག་ཏུ་སོང་རྗེས། ཡོ་རོབ་རྒྱལ་ཁབ་མི་ཉུང་བ་ཞིག་གིས་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྗེས་སུ་འབྲངས་ནས་ཨུ་རུ་སུར་བཀག་སྡོམ་བྱས་པར་བརྟེན། དེའི་ངན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་གི་ཡོད། གྲང་ངར་ཆེ་བའི་དགུན་དུས་སླེབས་པ་དང་བསྟུན་ནས་འཚོ་བའི་མ་གནས་ཇེ་མཐོར་ཕྱིན་པ་དང་ཚར་རྒྱུ་མེད་པའི་ནུས་རྒྱུའི་ཉམས་ཉེན་ཐོན་པར་དམིགས་ཏེ། བབ་བརླིང་ངང་གནས་པའི་ཡོ་རོབ་བ་ཁག་གཅིག་གིས་ད་དུང་མུ་མཐུད་ཨ་རིའི་རྗེས་སུ་འབྲངས་མིན་དང་ཞི་བདེ་དང་དར་རྒྱས་བློས་བཏང་རྗེས་ཡོ་རོབ་ལ་ཅི་ཞིག་ཐོབ་མིན་ཐད་བསམ་གཞིག་བྱེད་འགོ་ཚུགས་ཡོད་པ་རེད།

སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་ཟུར་པ་ཧོ་སའེ་ཕུའུ•ཕི་ཁེས་ཉེ་དུས་སི་ཕེན་གྱི《ཕྱི་འབྲེལ་དུས་དེབ》ཅེས་པའི་གཟའ་འཁོར་དུས་དེབ་ཐོག་རྩོམ་ཡིག་སྤེལ་ནས། ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ཁྲོད་ཨ་རིས་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཡོད། ང་ཚོ་ཡོ་རོབ་བས་ཨ་རིས་གདོང་ཐུག་གི་འཕེལ་རིམ་གཏན་འཁེལ་བྱེད་དུ་འཇུག་དགོས་མིན་དང་། ང་ཚོའི་ཞི་བདེ་དང་དར་རྒྱས་དེ་ཨ་རིའི་ཁེ་ཕན་དང་ཡང་ན་རང་རློམ་གྱི་དོན་དུ་བློས་གཏོང་དགོས་མིན། དེ་བཞིན་ཡོ་རོབ་ཀྱིས་མཇུག་འབྲས་འཁུར་བར་དོན་སྙིང་ཡོད་མེད་བཅས་ཀྱི་ཐད་རང་གིས་རང་ལ་དྲི་བ་འདོན་དགོས་ཞེས་བཤད་ཡོད།

ཕི་ཁེས་རྩོམ་ཡིག་ནང་། ཨ་རིའི་རྒྱལ་ཁབ་འཛུགས་མཁན་ཆའོ་ཀྲི་•ཝ་ཧྲིང་ཐོན་གྱིས་ཨ་རི་བ་ཚོས་ཡོ་རོབ་ཀྱི་ལས་དོན་ནང་ཞུགས་རྒྱུ་ལས་གཡོལ་དགོས་པའི་གྲོས་འགོ་བཏོན་ཡོད། འོན་ཀྱང་། ཨ་རིས་ཡང་ནས་བསྐྱར་དུ་ཡོ་རོབ་གླིང་གི་ལས་དོན་ལ་ཐེ་ཇུས་བྱས་པ་དང་། དཔེ་མཚོན་གསར་ཤོས་ནི་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ནི་ཡོ་རོབ་ཀྱི་གནད་དོན་ཞིག་ཡིན་མོད། འོན་ཀྱང་རྒྱལ་ཁབ་ཆེན་པོ་ཨ་རི་འདི་ཉིད་དེའི་བྱེད་པོ་གཙོ་བོའི་གྲས་སུ་གྱུར་ཡོད་ཅེས་བཤད་ཡོད་པ་རེད།

དཀའ་ངལ་གྱི་མདུན་དུ། ཡོ་རོབ་ཀྱི་ཆབ་སྲིད་མི་སྣ་གལ་ཆེན་དང་། མཁས་དབང་། མང་ཚོགས་བཅས་མི་ཉུང་བ་ཞིག་གིས་བསམ་གཞིག་བྱེད་འགོ་ཚུགས་ཡོད། དབྱི་ཐ་ལིའི་དེ་སྔའི་དཔལ་འབྱོར་འཕེལ་རྒྱས་པུའི་པུའུ་ཀྲང་གཞོན་པ་ཅེ་ལ་ཆིས། ཨ་རིའི་གཙོ་ཁྲིད་འོག་བྱང་ཆིངས་སྒྲིག་འཛུགས་ཀྱིས་རྒྱུན་ཆད་མེད་པར་ཤར་དུ་རྒྱ་བསྐྱེད་བཏང་བ་དེ་ནི་ཨུ་རུ་སུ་དང་ཡུག་རེན་བར་གྱི་གདོང་ཐུག་དེའི་འབྱུང་རྩ་ཡིན་པ་དང་། གདོང་ཐུག་གི་རིན་དོད་གཙོ་བོ་ནི་ཡོ་རོབ་ཀྱིས་འཁུར་དགོས་ཀྱི་ཡོད། ཡུག་རེན་གྱི་ཉམས་ཉེན་སྡུག་ཏུ་སོང་རྗེས། ནུས་རྒྱུ་མཁོ་སྤྲོད་མི་འདང་བའི་ཤུགས་རྐྱེན་ཕོག་ནས་ཡོ་རོབ་ཀྱི་ས་ཆ་མང་པོར་རང་བྱུང་སོལ་རླངས་ཀྱི་རིན་གོང་ཆེས་ཆེར་འཕར་བ་དང་། དངུལ་ལོར་འགྲེམས་ཐལ་ཤོར་བའི་གནོན་ཤུགས་ཆེ་རུ་ཕྱིན་པ། དམངས་འཚོའི་ཁུར་པོ་ལྕི་རུ་ཕྱིན་ཡོད། ཡོ་རོབ་མནའ་འབྲེལ་བསྡོམས་རྩིས་ཅུས་ཀྱི་བསྡོམས་རྩིས་གཞི་གྲངས་གསར་ཤོས་ལས་མངོན་པར་གཞིགས་ན། ཡོ་སྒོར་ཁུལ་གྱི་ནུས་རྒྱུ་དང་བཟའ་བཅའི་རིན་གོང་རྒྱུན་མཐུད་ངང་འཕར་ནས། སྤྱི་ཟླ་10པར་དངུལ་ལོར་འགྲེམས་ཐལ་ཤོར་ཚད་ལོ་རྩིས་བརྒྱབ་ན་10.7%ཟིན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་2022ལོའི་སྟོན་དུས་ཀྱི་དཔལ་འབྱོར་སྔོན་དཔག་སྙན་ཞུའི་ནང་། ཡོ་རོབ་མནའ་འབྲེལ་དང་ཡོ་སྒོར་ཁུལ་དང་ཁོངས་གཏོགས་རྒྱལ་ཁབ་མང་ཆེ་བའི་དཔལ་འབྱོར་སྔོན་དཔག་བྱས་ན་ད་ལོའི་དུས་ཚིགས་བཞི་པར་ཉམས་རྒུད་དུ་འགྲོ་རྒྱུ་དང་། སང་ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་བྱེད་སྒོ་མུ་མཐུད་ཉུང་དུ་འགྲོ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།

ཆབ་སྲིད་མི་སྣ་གལ་ཆེན་དང་མཁས་དབང་དང་བསྡུར་ཚེ། ཡོ་རོབ་ཀྱི་མང་ཚོགས་མང་པོ་ཞིག་གིས་སྔར་བས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཨ་རིའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་ཀྱི་ཡོད། དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》གྱི་དྲ་ཚིགས་ཐོག་ཉེ་ཆར《དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་འགོག་རྒོལ་བྱེད་སྒོ་ཡོ་རོབ་ཏུ་ཁྱབ་ཡོད》ཅེས་འགོ་བརྗོད་དུ་འཁོད་པའི་གནས་ཚུལ་སྤེལ་ནས། འཇར་མན་སོགས་ཡོ་རོབ་རྒྱལ་ཁབ་མང་པོ་ཞིག་ཏུ་མང་ཚོགས་མི་ཉུང་བ་ཞིག་གིས་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་འཚོགས་ནས་མི་འདོད་པ་མཚོན་པར་བྱས་ཡོད་ཅེས་འཁོད་ཡོད་པ་རེད། འཇར་མན་གྱི་རྒོལ་གཏམ་གཏོང་མཁན་ཞིག་གིས་ཁོང་ལ་འབྱོར་བའི་རྩིས་ཐོ་ཇེ་མང་དུ་འགྲོ་གི་ཡོད་མོད། འོན་ཀྱང་མགྱོགས་མྱུར་ངང་ལས་ཀ་རྙེད་པའི་རེ་བ་སྔར་བས་ཆུང་དུ་འགྲོ་གི་ཡོད། ཨ་རིས་ཨུ་རུ་སུར་ཐེ་ཇུས་བྱས་པའི་ངན་འབྲས་དེ་འཇར་མན་གྱི་སྤྱིར་བཏང་མི་དམངས་ཀྱིས་འཁུར་དགོས་ཀྱི་ཡོད་ཅེས་འཁང་ར་བྱས་པ་རེད།

རྒོལ་གཏམ་གཏོང་མཁན་གྱིས་བཤད་པ་དེ་ནི་རྫུན་མ་མ་ཡིན་པར། དམག་འཁྲུག་དེའི་ཁྲོད་ཕན་པ་ཆེ་ཤོས་ཐོབ་མཁན་ནི་ཨ་རིའི་དམག་དོན་བཟོ་ལས་མཉམ་འདུས་མ་ལག་དང་རྡོ་སྣུམ་རྫས་འགྱུར་ནུས་རྒྱུའི་ཁེ་ལས་སོགས་ཀྱི་ཁེ་ཕན་ཚོགས་པ་ཡིན་པ་སྨོས་མེད་རེད། ཨ་རིའི་ཡ་ཧུའུ་གསར་འགྱུར་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་2པར་ཡུག་རེན་གྱི་ཉམས་ཉེན་སྡུག་ཏུ་སོང་བ་ནས་བཟུང་། ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་རིན་གོང་ཨ་སྒོར་དུང་ཕྱུར་2300ཙམ་ཟིན་པའི་གོ་མཚོན་སྒྲིག་ཆས་ཉོ་རྒྱུའི་ཁས་ལེན་བྱས་ཤིང་། ཨ་རིའི་གོ་མཚོན་འཚོང་མཁན་ནི་ཡོ་རོབ་ཀྱི་མཁོ་འདོན་ཚོང་པ་གཙོ་བོ་ཡིན་པའི་ཆ་ནས། ཁོང་ཚོར་མངགས་ཐོ་དེ་དག་ཁྲོད་ཀྱི་ཐོབ་ཆ་ཆེ་ཤོས་དེ་ཐོབ་རྒྱུ་རེད།

ཡོ་རོབ་བའི་དངུལ་རྣམས་འདི་ལྟར་ཨ་རིའི་གོ་མཚོན་འཚོང་མཁན་གྱི་ལག་ཏུ་སླེབས་ཡོད། ཡོ་རོབ་དེ་ཉིད་ནུས་རྒྱུའི་ཉམས་ཉེན་གྱི་གནས་སུ་གྱར་སྐབས། ཨ་རིས་སྐབས་བསྟུན་འཕྲོག་བཅོམ་བྱས་ནས་ཡོ་རོབ་ཀྱི་ནུས་རྒྱུའི་ཁྲོམ་ར་བཟུང་བ་དང་འབྲེལ་རིན་གོང་མཐོ་པོའི་ངང་འཚོང་གི་ཡོད། དངུལ་རྩའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་ལུའུ་ཕུའུ་ཐེ་ཀུང་སིའི་གྲངས་གཞི་ལས་མངོན་པར་གཞིགས་ན། སྤྱི་ཟླ་9པར་ཨ་རིའི་གྲུ་ཁ་ནས་ཐོན་པའི་ཟོག་འདྲེན་གྲུ་གཟིངས་ནང་བླུགས་པའི་གཤེར་གྱུར་རང་བྱུང་སོལ་རླངས་70%ཙམ་ཡོ་རོབ་ཏུ་དབོར་ཡོད་པ་རེད། ཡོ་རོབ་ཀྱི་སྨྱན་སྦྱོར་མང་པོ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཀུང་སིའི་ཡོ་རོབ་ཏུ་སྐྱོད་པའི་གཤེར་གྱུར་རང་བྱུང་སོལ་རླངས་དབོར་འདྲེན་གྲུ་གཟིངས་རེའི་ཁེ་སྤོགས་ཨ་སྒོར་དུང་ཕྱུར་1ལྷག་ཡོད་པ་རེད།

ཕི་ཁེས། མིག་སྔའི་ཛ་དྲག་གི་དུས་བབ་འོག ཡོ་རོབ་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཐོག་མར་སུ་ལ་རོགས་རམ་མཁོ་ཤོས་ཡིན་པར་བསམ་གཞིག་བྱེད་དགོས་པ་ལས། རྒྱལ་ཁབ་གཞན་གྱི་བཀོད་འདོམས་ཉན་རྐྱང་བྱས་ཏེ་རང་མགོ་ཆུ་འདྲེན་བྱས་ན་སྙིང་པོ་མེད་པ་ཤེས་པ་བྱེད་དགོས་ཞེས་བསྟན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཨ་རིའི་རྗེས་སུ་འབྲངས་རིན་ཡོད་དམ་ཞེས་ཡོ་རོབ་གླིང་གིས་ཡུག་རེན་གྱི་ཉམས་ཉེན་ལ་བསམ་གཞིག་བྱས་པ།

ཡུག་རེན་གྱི་ཉམས་ཉེན་ཇེ་སྡུག་ཏུ་སོང་རྗེས། ཡོ་རོབ་རྒྱལ་ཁབ་མི་ཉུང་བ་ཞིག་གིས་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྗེས་སུ་འབྲངས་ནས་ཨུ་རུ་སུར་བཀག་སྡོམ་བྱས་པར་བརྟེན། དེའི་ངན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་གི་ཡོད། གྲང་ངར་ཆེ་བའི་དགུན་དུས་སླེབས་པ་དང