ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་འཐུས་མིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕ་ལི་སི་ཐན་དང་དབྱི་སི་རལ་ཐུན་མོང་བདེ་འཇགས་ཡོང་བ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱས་པ།

2022-11-29 16:03:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་སྤྱི་ཚེས་༢༨ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབུས་ཤར་ཕ་ལེ་སི་ཐན་གྱི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་གནང་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕ་ལི་སི་ཐན་དང་དབྱི་སི་རལ་ཐུན་མོང་བདེ་འཇགས་ཡོང་བ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་་རེ་འབོད་བྱས་ཡོད། 

ཀྲང་ཅུན་གྱིས། དབྱི་སི་རལ་དང་ཕ་ལེ་སི་ཐན་ནི་སྤོ་ཐབས་བྲལ་བའི་ཁྱིམ་མཚེས་ཡིན་པ་དང་། བདེ་འཇགས་ཐད་ཕན་ཚུན་བརྟེན་རེས་དང་། ཕན་ཚུན་ཁ་བྲལ་ཐབས་མེད་པ་ཞིག་རེད། ཕྱོགས་གཅིག་གི་བདེ་འཇགས་ཕྱོགས་གཞན་ཞིག་གི་བདེ་འཇགས་མེད་པའི་རྨང་གཞིའི་ཐོག་བཙུགས་ན་དྲག་ཤུགས་ཀྱི་འཁོར་རྒྱུན་གཏོར་ཐབས་མེད་པ་དང་། བདེ་འཇགས་ཀྱི་དཀའ་གནད་ལས་སྒྲོལ་མི་ཐུབ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བདེ་འཇགས་ཐད་ཀྱི་དོ་ཁུར་ལ་མཐོང་ཆེན་བྱས་ནས་ཕྱོགས་གཉིས་པོས་སྤེལ་རེས་དང་མཉམ་ལས་བྱས་པ་བརྒྱུད་སྤྱིའི་བགོ་གྲངས་ཆེ་ཤོས་བཙལ་ནས་ཐུན་མོང་གི་བདེ་འཇགས་མངོན་འགྱུར་ཡོང་བ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

དུས་མཚུངས་སུ་བཙན་བཟུང་བྱེད་མཁན་ཕྱོགས་ཀྱིས་ཀྱང་བཙན་བཟུང་བྱས་པའི་མངའ་ཁོངས་སུ་ཡོད་པའི་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་ཏན་ཏིག་བསྒྲུབ་དགོས་ཞེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཀྲུང་གོའི་འཐུས་མིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕ་ལི་སི་ཐན་དང་དབྱི་སི་རལ་ཐུན་མོང་བདེ་འཇགས་ཡོང་བ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་སྤྱི་ཚེས་༢༨ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབུས་ཤར་ཕ་ལེ་སི་ཐན་ག