ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མནའ་འབྲེལ་གྱིས་འཇར་མན་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་སྒྲིག་སྲོལ་ལས་འགལ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས་པ།

2022-11-29 15:56:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་སྤྱི་ཚེས་༢༨ཉིན། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་མཐུན་ཚོགས་ཀྱི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཇར་མན་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཁ་ཐར་འཛམ་གླིང་བུམ་པའི་སྨྱན་སྦྱོར་དང་། ཁྲོམ་རའི་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

སྤྱི་ཚེས་༢༦ཉིན་འཇར་མན་རུ་ཁག་གིས་འགྲན་བསྡུར་གོང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྩལ་སློབ་པ་གཙོ་བོ་ཧྥུ་ལི་ཁེ་མ་ཏོག་རུ་ཁག་གི་རུ་མི་གཞན་སུ་ཡང་ཞུགས་མེད། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གཏན་འབེབས་ལ་གཞིགས་ན། འགྲན་བསྡུར་རེ་རེའི་ཉིན་གོང་མར་སྤེལ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྩལ་སློབ་པ་གཙོ་བོ་དང་རུ་ཁག་ནང་གི་རུ་མི་གཅིག་ངེས་པར་དུ་ཞུགས་དགོས།

འཇར་མན་རུ་ཁག་གིས་དོན་དེའི་ཐད་འཇར་མན་རུ་ཁག་གི་སྡོད་གནས་ནི་ཁ་ཐར་གྱི་བྱང་རྒྱུད་དང་། ཏོ་ཧ་དང་བར་ཐག་སྤྱི་ལེ་༡༠༠ཡོད་པའི་མགྲོན་ཁང་དུ་ཡིན་པ་དང་། འགྲན་བསྡུར་འགོ་མ་ཚུགས་གོང་གི་ཆུ་ཚོད་༣༠ཡས་མས་སུ་སྤོ་ལོའི་རུ་ཁག་གི་རུ་མིར་དཀའ་ལས་བཟོ་འདོད་མི་འདུག་ཅེས་འགྲེལ་བཤད་བརྒྱབ་ཡོད།

འཇར་མན་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་དེའི་གོང་འཇར་མན་རུ་ཁག་སྡོད་སའི་མགྲོན་ཁང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་རྒྱུའི་བསམ་འཆར་བཏོན་ཡོད་ནའང་། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་དོན་དེར་ཁས་བླངས་མེད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མནའ་འབྲེལ་གྱིས་འཇར་མན་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་སྒྲིག་སྲོལ་ལས་འགལ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་སྤྱི་ཚེས་༢༨ཉིན། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་མཐུན་ཚོགས་ཀྱི་སྒྲིག་ཁྲིམས་ཨུ་