ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་མིའི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་གདམ་ག་གསར་པ་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱེད་པ།

2022-11-29 15:49:00     责编:桑吉卓玛

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཕྱོགས་ལྔའི་ཐད་ཀྱི་ཀྲུང་གོའི་ཁྱད་ཆོས་ལ་གསལ་འགྲེལ་གཏིང་ཟབ་བྱས་ཡོད་དེ། མི་འབོར་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེ་གོང་འཕེལ་གྱི་ལམ་བུར་སྐྱོད་པའི་དེང་རབས་ཅན་བཅས་རེད་ཅེས་བསྟན་ཡོད་པ་དང་། སྙན་ཞུའི་ནང་། ད་དུང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཕྱོགས་དགུའི་ངོ་བོའི་བླང་བྱ་དང་མདུན་སྐྱོད་བགྲོད་ལམ་ཐོག་ངེས་པར་དུ་ཁོང་དུ་གང་ལེགས་ཆུད་པར་བྱེད་དགོས་པའི་རྩ་དོན་གལ་ཆེན་ཁག་ལྔ་བཏོན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་གསར་གཏོད་རླབས་ཆེན་ཞིག་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཡིན་པས། འཛམ་གླིང་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཕུན་སུམ་ཚོགས་སུ་དང་གོང་འཕེལ་བཏང་ཡོད་པ་དང་། མིའི་རིགས་ཀྱི་ཞི་བདེ་གོང་འཕེལ་གྱི་བྱ་གཞག་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བསྔགས་བརྗོད་གནང་བ་རེད།

ད་ལྟའི་བར་དུ། གོ་ལ་ཧྲིལ་པོར་བཟོ་ལས་ཅན་ལེགས་གྲུབ་བྱུང་བའི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་གྱི་མི་འབོར་བསྡོམས་འབོར་དུང་ཕྱུར་10ཡང་ཟིན་གྱི་མེད། ཀྲུང་གོའི་མི་འབོར་དུང་ཕྱུར་14ལྷག་ཁྱོན་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་དེ་གཞི་ཁྱོན་ད་ཡོད་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་བསྡོམས་འབོར་ལས་བརྒལ་ནས་དེང་རབས་ཅན་གྱི་འཛམ་གླིང་གི་མངའ་ཁོངས་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་ཡོང་རྒྱུ་རེད།

ཁམ་ཕུ་ཀྲེའི་ཨ་ཤེ་ཡ་ཕུགས་འདུན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཐུང་མེང་ཏའེ་ཝེ་ཡིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འོད་སྣང་ལྡན་པའི་མདུན་ལྗོངས་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས། དེ་ནི་མིའི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་ངོ་མཚར་ངོ་མ་ཞིག་རེད་ཅེས་བསྟན་འདུག

ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་མིའི་རིགས་ལ་དེང་རབས་ཅན་མངོན་འགྱུར་ཡོང་བར་གདམ་ག་གསར་པ་མཁོ་འདོན་བྱས་ཡོད་པས། དེ་ནི་འཛམ་གླིང་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ཆེན་པོ་བཏང་བ་ཞིག་རེད། དེས་དེང་རབས་ཅན་ནུབ་ཕྱོགས་ཅན་དུ་འགྱུར་རྒྱུ་དེ་ཡིན་ཞེས་པའི་ལོ་རྒྱུས་ཀྱི་རྨོངས་བློ་དོར་ཏེ། འཛམ་གླིང་ཐོག་གི་གོང་འཕེལ་མགྱོགས་སུ་གཏོང་རེ་བྱེད་ཅིང་རང་ཉིད་ཀྱི་རང་ཚུགས་ཀྱང་རྒྱུན་འཁྱོངས་བྱེད་ཐུབ་རེ་བྱེད་པའི་རྒྱལ་ཁབ་དང་མི་རིགས་དག་ལ་བློ་སྒོ་ཆེན་པོ་ཕྱེ་བ་དང་སྐུལ་མ་ཆེན་པོ་བཏང་ཡོད།
ཙན་པི་ཡའི་སྤྱི་ཚོགས་རིང་ལུགས་ཏང་གི་ཀྲུང་ཞི་ཧྥུ་ལེ་ཏེ་མེང་པེས། རྒྱལ་ཁབ་མང་པོས་ཀྲུང་གོར་དོ་ཁུར་བྱེད་པ་དང་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་གྱི་ཡོད་ཅེས་གསུངས་པ་རེད།

ཀྲུང་གོར་གྲུབ་འབྲས་ཆེན་པོ་ཐོབ་པ་དེས་ཙན་པི་ཡ་སོགས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་གོང་འཕེལ་གྱི་ཁ་ཕྱོགས་དང་འབད་འཐབ་ཀྱི་དམིགས་ཚད་སྔ་བས་གསལ་པོ་བསྟན་ཡོད་ཅེས་གསུངས་པ་རེད།

པར་ཙིར་ཝ་ཅ་སི་ཐེབས་རྩ་ལྷན་ཚོགས་ཀྱི་དགེ་རྒན་ཆེན་མོ་བ་ཝན་ཏེ་ལོ་ ཁ་ཝ་ལུའེ་ཡིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་འཕྲད་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་ཀྱི་ཡོད་ཅེས་བསྟན་ཡོད། དབྱིན་ཇིའི་མཁས་དབང་གྲགས་ཅན་མ་ཏིང་་ཡ་ཁེས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པས་ང་ཚོར་དེ་བས་ཕུན་སུམ་ཚོགས་པའི་བསམ་གཞིགས་ཀྱི་གོ་རིམ་གསར་པ་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།

ཝུ་ཀན་ཏའི་མཐོང་རྒྱ་གསར་པ་ཞེས་པའི་དུས་དེབ་ཀྱི་གསར་འགོད་པ་ནར་ཤུན་གྱིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་མི་དམངས་ལ་བདག་པོའི་གནས་བབ་སྤྲད་ཡོད་པས་མི་ཚང་མར་རྒྱལ་ཁབ་གོང་འཕེལ་དང་འཛུགས་སྐྲུན་ནང་ཞུགས་རྒྱུའི་འགན་འཁྲི་ཡོད་པའི་མྱོང་ཚོར་བྱུང་དུ་བཅུག་ཡོད་ཅེས་གསུངས་པ་རེད།

པར་ཙིར་གྱི་གླེང་སྟེགས་ཞེས་པའི་དུས་དེབ་ཀྱི་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་ནས་བལྟོས་མེད་ཀྱི་དབུལ་པོ་མེད་པ་བཟོ་རྒྱུ་དེ་ནི་མཇུག་སྒྲིལ་བ་ཞིག་མིན་པར། དེ་ནི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་དེའི་གོང་འཕེལ་གྱི་དུས་མཚམས་གསར་པའི་འགོ་ཚུགས་པ་མཚོན་ཅེས་འཁོད་ཡོད་པ་རེད།

ལྷོ་ཨ་ཧྥེ་རི་ཁའི་ཡུའེ་ཧན་ནེ་སི་པའོ་སློབ་ཆེན་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཏའེ་ཝེ་མོང་ཡ་ཨའེ་ཡིས། ཐུན་མོང་ཕྱུག་འགྱུར་ནི་མི་འབོར་དུང་ཕྱུར་14ལྷག་ཁྲོད་ཀྱི་མི་ཚང་མར་མཐུན་རྐྱེན་བསྐྲུན་ནས་ཁོང་ཚོར་རང་ཉིད་ཀྱི་ཁྱབ་ཁོངས་ནང་གྲུབ་འབྲས་ཐོབ་པ་བྱེད་པ་མ་ཟད་ཀྲུང་གོའི་གོང་འཕེལ་ལ་དོན་སྙིང་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་དེ་ཡིན་པའི་ངོས་འཛིན་གནང་ཡོད།

ལྗར་ཕན་ཆིང་དབྱིང་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེན་མོ་བ་ཏ་ཤིས་ཀོང་གིས། བསྒྱུར་བཅོས་སྒོ་དབྱེའི་དུས་འགོའི་དཔལ་འབྱོར་འཕར་སྣོན་ནས་ད་ཆའི་སྤུས་ཚད་མཐོ་བའི་གོང་འཕེལ་བར། ཀྲུང་གོ་གུང་ཁྲན་ཏང་གིས་དུས་བསྟུན་མཉམ་སྐྱོད་ཀྱིས་ཀྲུང་གོའི་རྒྱལ་ཚུལ་དང་དུས་རབས་གོང་འཕེལ་གྱི་བླང་བྱ་དང་འཚམ་པའི་སྲིད་ཇུས་འཆར་འགོད་ཟམ་མི་ཆད་པར་བཟོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དབྱིན་ཇིའི་ཨ་ཤེ་ཡ་ཤར་མའི་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་མའེ་ཆི་ཨན་གྱིས། ཀྲུང་གོའི་ཁོར་ཡུག་དང་གནམ་གཤིས་གནད་དོན་ལ་ཁ་གཏད་གཅོག་པའི་ཐད་ཀྱི་སྲིད་ཇུས་ཀྱི་ཕྱོགས་བསྡུས་རང་བཞིན་དང་མཐུན་སྦྱོར་རང་བཞིན་མངོན་གསལ་དོད་པོས་མངོན་ཞིང་། དེ་ནི་འཛམ་གླིང་ཡོངས་ཀྱི་ཆ་ནས་གཟེངས་སུ་ཐོན་པ་ཞིག་རེད་ཅེས་བསྟན་ཡོད་པ་རེད།

པར་ཙིར་གྱི་ཧྲེང་པའོ་ལུའོ་མངའ་སྡེས་བཙུགས་པའི་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལུའུ་དབྱི་སི·པའོ་ལི་ནུའོ་ཡིས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་དེ་བས་ཁ་གསལ་དང་གོམ་སྟབས་དེ་བས་བརྟན་དུ་བཏང་ཡོད་ཅེས་བསྔགས་བརྗོད་བྱས་པ་རེད།

ཞི་བདེ་དང་གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། རྒྱ་སྐྱེད་འཕྲོག་བཅོམ་དང་རྒྱལ་སྟོབས་ཆེ་ན་བཙན་ཤེད་ཆེ་ངེས་ཡིན་པའི་གཏན་ཚིགས་རྙིང་པ་ལས་བརྒལ་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བགྲོད་ལམ་གྱིས་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་ཡོད། ཙམ་པབ་ཝེའི《སྔོན་བྱོན་ཚགས་པར》ཐོག་རྩོམ་ཡིག་སྤེལ་ནས་ཀྲུང་གོ་མགྱོགས་མྱུར་གོང་འཕེལ་ཕྱིན་པ་དེས་འཛམ་གླིང་ལ་བློ་སྒོ་ཟབ་མོ་ཕྱེ་བ་སྟེ། དེ་ནི་རྒྱལ་ཁབ་གཅིག་གིས་ཞི་བདེའི་ངང་གོང་འཕེལ་གཏོང་བ་ལས་དམག་འཁྲུག་བསླངས་ནས་དེང་རབས་ཅན་དང་དར་རྒྱས་མངོན་འགྱུར་ཡོང་བ་བྱེད་པ་མིན་པའི་ངོས་འཛིན་བྱས་ཡོད།
འཛམ་གླིང་ཡག་པོ་བྱུང་ན་ཀྲུང་གོ་གཞི་ནས་ཡག་པོ་ཡོང་ཐུབ། ཀྲུང་གོ་ཡག་པོ་བྱུང་ན་འཛམ་གླིང་དེ་བས་ཡག་པ་ཡོང་གི་རེད། རྒྱུན་ཆད་མེད་པར་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཀྲུང་གོས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་ངེས་ཡིན་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་སྒུལ་ཤུགས་དེ་བས་ཆེ་བ་སྦྱིན་ངེས་ཡིན་པ། མིའི་རིགས་ཡར་ཐོན་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཀྲུང་གོས་མིའི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་གདམ་ག་གསར་པ་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱེད་པ།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཕྱོགས་ལྔའི་ཐད་ཀྱི་ཀྲུང་གོའི་ཁྱད་ཆོས་ལ་གསལ་འགྲེལ་གཏིང་ཟབ་བྱས་ཡོད་དེ། མི་འབོར་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་དང་།