ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་ཐུན་མོང་ཚོགས་པ་གཏོད་པའི་ཀྲུང་གོའི་ལེགས་སྐྱེས།

2022-11-25 16:53:00     责编:桑吉卓玛

མིག་སྔར་མིའི་རིགས་ཀྱི་གོང་འཕེལ་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། ཏོག་གསར་གློ་ཚད་རིམས་ནད་ཡང་ཡང་ཐོན་པ་དང་། ས་ཁམས་ཆབ་སྲིད་ཀྱི་དུས་བབ་ཛ་དྲག་པོ་ཡིན་པ། དེ་བཞིན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་འཐུས་ཤོར་ཚབས་ཆེན་བྱུང་ཡོད། གོང་འཕེལ་གྱི་དཀའ་གནད་ཇི་ལྟར་སེལ་དགོས་སམ་ཞེས་ན། ཀྲུང་གོས་སྔར་བས་ཁོག་ཡངས་དང་། སྔར་བས་ཀུན་ཕན། སྔར་བས་མཉེན་ཤུགས་ལྡན་པ་བཅས་ཀྱི་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མིག་སྔ་དང་ཡུན་རིང་གི་དགོས་མཁོ་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱང་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད་པ་རེད།

མིག་སྔར། འཛམ་གླིང་གི་དཔལ་འབྱོར་སླར་གསོར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་འཕེལ་རིམ་ལ་འགོག་རྐྱེན་འཕྲད་ཡོད། དེ་དང་ཆབས་ཅིག རྒྱལ་ཁབ་ཁག་གཅིག་གིས་འཛེམ་བག་མེད་པར་ཁ་བྲལ་དང་ཁ་གཏད་དུ་ལངས་པ་དང་འབྲེལ་ཐག་གཅོད་པའི་འུད་སྒྲོག་བྱེད་ཀྱི་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེའི་རྣམ་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བ་དང་ཁོག་ཡངས་རང་བཞིན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་གི་ཡོད།

ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་མ་ལག་ཧུར་ཐག་བཏོད་ཡོད་པ་རེད། ཀྲུང་གོ་འདི་ཉིད་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་གྱི་ཉོ་ཚོང་རོགས་ཟླ་གཙོ་བོར་གྱུར་ཡོད། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་ལྔ་བསྟུད་མར་གཉེར་བས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རའི་ཐོག་གོང་འཕེལ་གྱི་གོ་སྐབས་དེ་བས་ལེགས་པ་འཚོལ་ཞིབ་བྱེད་ཀྱི་ཡོད་ལ་ཀྲུང་གོའི་ས་གནས་དེ་གའི་ཁེ་ལས་ཀྱིས་འཛམ་གླིང་ལ་རིན་ཐང་མངོན་པར་བྱས་ཡོད། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྱོང་དང་། གཞི་རྐྱེན་གྱི་ཁྲོམ་ར་ཅན་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱི་དངུལ་ཆོག་འཐུས་རྒྱུན་མཐུད་ངང་ལྷུག་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་བ་སོགས་ཀྲུང་གོས་བྱ་སྤྱོད་ཏན་ཏིག་གི་སྒོ་ནས་སྒོ་དབྱེ་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། འཇར་མན་པེར་ལིན་ཕུའུ་ལུའུ་ཧྲི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཆ་ཕུའུ་ཁེས། རྒྱལ་ཁབ་ཁག་གི་ཁེ་ཕན་མཉམ་འདྲེས་དང་། ཞི་མཐུན་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ནི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པའི་ལག་བསྟར་བྱེད་ཆོག་པའི་ཐབས་ལམ་ཉག་གཅིག་དེ་ཡིན་ལ། དེ་ཡང་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་མངོན་འགྱུར་བྱ་རྒྱུར་གཞོལ་བའི་དམིགས་འབེན་ཞིག་ཀྱང་ཡིན་ཞེས་གསུང་འདུག

མིག་སྔར་གོ་ལ་ཧྲིལ་པོའི་གོང་འཕེལ་འདྲ་མཉམ་མིན་པ་དང་དོ་སྙོམས་མིན་པའི་སྣང་ཚུལ་མངོན་གསལ་དོད་པོ་ཡོད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་སྤྱི་པའི་ཐོན་རྫས་དཀོན་པོ་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཐད་ཀྱི་སྤྱི་པའི་ཐོན་རྫས་མཁོ་འདོན་ཧུར་ཐག་བྱས་ནས་དེ་བས་ཀུན་ཕན་གྱི་གོ་ལ་ཧྲིལ་པོའི་གོང་འཕེ་ལ་སྐུལ་འདེད་བཏང་ཡོད།

ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོས་གོ་ལ་ཧྲིལ་པོར་སྔར་ཀུན་ཕན་གྱི་གོང་འཕེལ་འཆར་གཞི་བཀོད་ཡོད། ལོ་གཅིག་ལྷག་ཙམ་རིང“གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོའི་མཛའ་གྲོགས་ཚོགས་ཆུང”གི་ཁོངས་མིའི་རྒྱལ་ཁབ་60ལྷག་ཙམ་ཟིན་ཡོད།

ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་འདོན་མཁན་ཡིན་ལ་གྲོས་འགོ་དེ་དོན་འཁྱོལ་བྱེད་པའི་བྱ་སྤྱོད་སྤེལ་མཁན་གྱི་གྲས་ཤིག་ཀྱང་ཡིན། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱིས་སྐྱེལ་འདྲེན་ལམ་ཐིག་82བཏིང་བ་དང་ཡོ་རོབ་ཀྱི་རྒྱལ་ཁབ་24ཡི་གྲོང་ཁྱེར་200ལ་ཤར་གཏོང་ཐུབ་པ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་ནས་བཟུང་རྒྱལ་ཁབ་149དང་རྒྱལ་སྤྱིའི་རྩ་འཛུགས་32ཀྱིས་ཀྲུང་གོ་དང་མཉམ་ལས་ཡིག་ཆ་200ལྷག་ཙམ་ལ་མིང་རྟགས་བཀོད་པ་རེད། མ་ལེ་ཞི་ཡའི་ཨེ་ཤེ་ཡ་གསར་པའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་ཝུང་ཧྲེ་ཅེ་ཡིས། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དེ་རིགས་རྒྱུད་དང་། ཆོས་ལུགས། རིག་གནས། ཐ་ན་འདུ་ཤེས་འཛིན་སྟངས་བཅས་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད་པས་ཀུན་འཕྲོད་རང་བཞིན་དང་ཁོག་ཡངས་རང་བཞིན་ལྡན་ཡོད་ཅེས་གསུང་འདུག པར་ཙིར་ཧྲེང་པའོ་ལུའོ་མངའ་སྡེའི་སློབ་ཆེན་གྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་པའོ་ལི་ནུའོ་ཡིས། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱེད་པའི་འགག་རྩ་ཡིན་པ་མ་ཟད། མིའི་རིགས་རྒྱུན་མཐུད་གོང་འཕེལ་ཡོང་བའི་འགག་རྩ་ཞིག་ཀྱང་ཡིན་པའི་ངོས་འཛིན་གནང་འདུག

ཧིན་རྡུ་ཉི་ཞི་ཡ་དང་སའེ་ཨེར་ཝེ་ཡ་སོགས་རྒྱལ་ཁབ་དང་མཉམ་དུ“བརྟན་བརླིང་དང་མཉེན་ཆ་དོད་པའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་རྒྱལ་སྤྱིའི་མཉམ་ལས་གྲོས་འགོ”བཏོན་པ་ནས་རྒྱལ་ཁབ་མང་པོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་གྲོས་འགོ་བཏོན་པའི་བར་དང་། དེ་ནས་རྒྱལ་སྤྱིའི་འབྲུ་རིགས་བདེ་འཇགས་མཉམ་ལས་ཀྱི་གྲོས་འགོ་བཏོན་པའི་བར་ཀྲུང་གོས་སྔ་བར་ཕྱི་གསུམ་དུ་གོ་ལ་ཧྲིལ་པོའི་གོང་འཕེ་ལ་གཉེན་ཤུགས་སྔར་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་སེམས་ནུས་ཡོད་རྒུ་འདོན་གྱི་ཡོད་པ་རེད།

མིག་སྔར་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་འགྲོ་བའི་ཉེན་ཁ་འཕྲད་ཡོད་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་ཀྱང་ཉེན་ཁ་འཕྲད་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཀའ་གནད་ལ་བསམ་བློ་གཏོང་བ་དང་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དོ་ཁུར་བྱ་ཡུལ་ལ་ལ་ལྟ་རྟོག་བྱེད་ཀྱི་ཡོད། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་བུ་ལོན་ནར་འགྱངས་ཀྱི་གྲོས་འགོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་ཁྲོད་བུ་ལོན་ནར་འགྱངས་བྱས་པའི་བསྡོམས་འབོར་ཆེ་ཤོས་ཡིན་པ་དང་། “ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་གོང་འཕེལ་ཐེབས་རྩ”དང་། “གོ་ལ་ཧྲིལ་པོའི་གོང་འཕེལ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཐེབས་རྩ”བཙུགས་ནས་དགོས་མཁོ་ཡོད་པའི་རྒྱལ་ཁབ་160ལྷག་ཙམ་ལ་གོང་འཕེལ་གྱི་རོགས་སྐྱོར་བྱས་པ། ཨ་ཧྥེ་རི་ཁ་གླིང་གི་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁྲོད་གྲངས་འཛིན་གསར་གཏོད་མཉམ་ལས་ཀྱི་བྱ་སྤྱོད་འཆར་གཞི་བཏོན་པ་དང་འཆར་གཞི་དེས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་གྲངས་གཞིའི་ཐད་ཀྱི་ཧེ་བག་ཆུང་དུ་གཏོང་རོགས་བྱས་ཡོད་པ་རེད།

ལོ་རྒྱུས་ཀྱི་འགྱུར་ལྡོག་ལ་ཁ་གཏད་བཅག་པ་དང་། དུས་རབས་ཀྱི་དྲི་བར་ལན་བཏབ་ནས། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་དགོས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་གོང་འཕེལ་ནང་ཧུར་ཐག་ཞུགས་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་ཡིན་པས། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་དཀའ་གནད་སེལ་བ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་རོགས་ཟླའི་འབྲེལ་བ་འཛུགས་པ། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་ཐུན་མོང་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་ཐུན་མོང་ཚོགས་པ་གཏོད་པའི་ཀྲུང་གོའི་ལེགས་སྐྱེས།

མིག་སྔར་མིའི་རིགས་ཀྱི་གོང་འཕེལ་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། ཏོག་གསར་གློ་ཚད་རིམས་ནད་ཡང་ཡང་ཐོན་པ་དང་། ས་ཁམས་ཆབ་སྲིད་ཀྱི་དུས་བབ་ཛ་དྲག་པོ་ཡིན་པ། དེ་བཞིན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་འཐུས་ཤོར་ཚབས་ཆེན་བྱུང་ཡོད། གོང་འཕེལ་གྱི་དཀའ་གནད་ཇི་ལྟར་སེལ་ད