ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་46པའི་གྲོས་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྐོང་འཚོགས་བྱས་པ།

2021-02-24 15:33:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་46པའི་གྲོས་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྤྱི་ཚེས་22ཉིན་དྲ་ཐོག་ནས་སྐོང་འཚོགས་བྱས་པ་དང་། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དང་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་རིམས་ནད་ཆེན་པོའི་མདུན་དུ། ཀྲུང་གོའི་ཕྱོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུའི་ཐད་འདོད་ཚུལ་བཞི་བཏོན་ཡོད་པ་སྟེ། གཅིག་ནས་མི་དམངས་ལྟེ་བར་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ནས་འགྲོ་བ་མིའི་ཐོབ་ཐང་གྱི་ཡོངས་ཁྱབ་རང་བཞིན་དང་རྒྱལ་ཁབ་ཁག་གི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གསུམ་ནས་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བཞི་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྐད་ཆ་ཤོད་རེས་དང་མཉམ་ལས་རྒྱུན་འཁྱོངས་བྱ་རྒྱུ་བཅས་ཡིན་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོས་མི་དམངས་ཀྱི་བརྩི་བཀུར་རྒྱ་ཁྱབ་ཐོབ་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཞིག་ལེགས་སྒྲུབ་ལྡན་པའི་ངང་གཏོད་ཡོད་ལ། ཀྲུང་གོའི་རྒྱལ་ཚུལ་དང་དང་དགོས་མཁོ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ལེགས་སྒྲུབ་ལྡན་པའི་ངང་བསྐྱོད་ཡོད་ཅེས་བསྟན་ཡོད།

ཀྲུང་གོའི་ཕྱོགས་ནས་འགྲོ་བ་མིའི་གནད་དོན་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་46པའི་གྲོས་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྐོང་འཚོགས་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་46པའི་གྲོས་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྤྱི་ཚེས་22ཉིན་དྲ་ཐོག་ནས་སྐོང་འཚོགས་བྱས་པ་དང་། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དང་ལོ་བརྒྱའི་རིང་འཕ