ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

སེ་ནེ་ཀལ་གྱི་ཙུང་ཐུང་གིས། ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ནི་སེ་ནེ་ཀལ་ལ་མིག་སྔར་ཐོབ་པའི་སྨན་ཁབ་ཉག་གཅིག་དེ་ཡིན་ཞེས་བཤད་པ།

2021-02-24 15:32:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་23ཉིན། ཧྥ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱི་དྲ་ཚིགས་ཐོག་ཉེ་དུས་སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེར་ཆེད་དོན་བཅར་འདྲི་ཞུས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད། བཅར་འདྲི་དང་ལེན་གནང་སྐབས། ཙུང་ཐུང་ས་ལེས་ཀྲུང་གོའི་རིམས་འགོག་སྨན་ཁབ་ཉོ་སྒྲུབ་བྱེད་པའི་ནི་འདུ་ཤེས་རྣམ་པའི་གནད་དོན་ཞིག་མིན། ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ནི་སེ་ནེ་ཀལ་ལ་མིག་སྔར་ཐོབ་པའི་སྨན་ཁབ་ཉག་གཅིག་དེ་ཡིན་པ་མ་ཟད་ཀྲུང་གོའི་རོགས་རམ་འོག་བདེ་བླག་ངང་སེ་ནེ་ཀལ་ལ་འབྱོར་བྱུང་། སེ་ནེ་ཀལ་སྲིད་གཞུང་གིས་ཕྱོགས་གཉིས་ཐབས་ལམ་བརྒྱུད་འབྲེལ་ཡོད་རིམས་འགོག་སྨན་ཁབ་ཐོན་སྐྱེད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་འབྲེལ་གཏུག་བྱས་པ་ཡིན། འོན་ཀྱང་བློ་ཕམ་དགོས་པ་ཞིག་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་ནའང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་ཁ་ཚ་དགོས་གཏུག་ཡིན་པའི་ཐད་ལན་ཆ་མི་བྱེད་པ་དེ་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

སེ་ནེ་ཀལ་གྱི་ཙུང་ཐུང་གིས། ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ནི་སེ་ནེ་ཀལ་ལ་མིག་སྔར་ཐོབ་པའི་སྨན་ཁབ་ཉག་གཅིག་དེ་ཡིན་ཞེས་བཤད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་23ཉིན། ཧྥ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱི་དྲ་ཚིགས་ཐོག་ཉེ་དུས་སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེར་ཆེད་དོན་བཅར་འདྲི་ཞུས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད། བཅར་འདྲི་དང་ལེན་གནང་སྐབས། ཙུང་ཐུང་ས་ལེས་ཀྲུང་གོའི་རིམས་འགོག