ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཐེ་ལན་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་པང་ཁོག་གི་སུའུ་ཝན་ན་ཕུའུ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ།

2021-02-24 15:32:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཐེ་ལན་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་24ཉིན་གྱི་སྔ་དྲོ་པང་ཁོག་གི་སུའུ་ཝན་ན་ཕུའུ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། དེ་ནི་ཐེ་ལན་རྒྱལ་ཁབ་ཀྱིས་རྩིས་ལེན་བྱས་པའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁག་དང་པོ་དེ་རེད།

ཐེ་ལན་གྱི་ཙུང་ལི་པ་གཡུས་ཀྱིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། རང་ཉིད་ནས་ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ལ་ཡིད་ཆེས་ཆེན་པོ་ཡོད། ཀྲུང་གོས་ཐེ་ལན་ལ་རིམས་འགོག་སྨན་ཁབ་མཉམ་སྤྱོད་བྱས་པས་ཀྲུང་གོ་ནི་ཐེ་ལན་གྱི་གྲོགས་པོ་ངོ་མ་དེ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有