ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་བས་མང་བར་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱ་རྒྱུ་ཡིན།

2021-02-24 14:43:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཟླ་2ཚེས་21ཉིན་བར་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་ཐིག་དམར་ཀུའི་ནེ་ཡ་དང་ཙམ་པབ་ཝེ་ལ་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱས་ཡོད། གོམ་སྟབས་རྗེས་མར། རིམས་འགོག་སྨན་ཁབ་མཁོ་བའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་19ལ་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱ་རྒྱུ་མ་ཟད། འབྱུང་འགྱུར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་བས་མང་བར་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད།

དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས། ས་གནས་དེའི་དུས་ཚོད་ཚེས་19ཉིན་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་མོ་ཉི་ཧེའི་བདེ་འཇགས་ཚོགས་འདུའི་དྲ་ཐོག་དམིགས་བསལ་ཚོགས་འདུའི་ཐོག་ཡོ་རོབ་དང་མེ་གླིང་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁར་འཕྲལ་མར་ཏོག་གསར་རིམས་འགོག་སྨན་ཁབ་འདང་ངེས་སྐྱེལ་འདྲེན་བྱས་ཡོད། དེ་ལྟར་མ་བྱས་ཚེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ཨུ་རུ་སུ་ནས་རིམས་འགོག་སྨན་ཁབ་ཉོ་སྲིད། དེ་ལྟར་བྱས་ན་ནུབ་ཕྱོགས་ཀྱི་སྟོབས་ཤུགས་དེ་མིང་ཙམ་དུ་འགྱུར་རྒྱུ་རེད་ཅེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

དབང་ཝུན་པིན་གྱིས། ཧྥ་རན་སེ་སོགས་ཡོ་རོབ་དང་མེ་གླིང་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་རིམས་ནད་ལས་རྣམ་པར་རྒྱལ་བར་རྒྱབ་སྐྱོར་དང་རོགས་རམ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།

དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་འབྲེལ་ཡོད་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་རོགས་སྐྱོར་དང་མཁོ་འདོན་བྱས་པ་དེ་ནི་ཀྲུང་ཧྥེའི་སྲོལ་རྒྱུན་མཛའ་གྲོགས་གསོན་ཉམས་དོད་པོས་མངོན་པར་བྱས་པ་ཞིག་དང་། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་འགྱུར་བར་བྱ་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསལ་སྟོན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ཞིག་ཡིན།“ང་ཚོས་ཀྱང་འབྲེལ་ཡོད་ཁེ་ལས་ཀྱིས་རིམས་འགོག་སྨན་ཁབ་འཕྲལ་དུ་མཁོ་བ་དང་། ཀྲུང་གོའི་རིམས་འགོག་སྨན་ཁབ་ཁས་ལེན་བྱེད་པ། རྒྱལ་ཁབ་དེ་རང་དུ་ཀྲུང་གོའི་རིམས་འགོག་སྨན་ཁབ་འཕྲལ་དུ་སྤྱོད་རྒྱུར་དབང་ཆ་སྤྲོད་པ་བཅས་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་ཕྱིར་གཏོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་བརྗོད།

དབང་ཝུན་པིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་སྨན་ཁབ་ཐད་རྒྱལ་སྤྱི་དང་མཉམ་ལས་བྱེད་པའི་དམིགས་ཡུལ་ནི་རིམས་འགོག་སྨན་ཁབ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་འགྱུར་བ་བྱ་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་ནང་མུ་མཐུད་ཨ་ཧྥེ་རི་ཁ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་མཉམ་དུ་ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

ཕྱི་འབྲེལ་པུས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་བས་མང་བར་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱ་རྒྱུ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཟླ་2ཚེས་21ཉིན་བར་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་ཐིག་དམར་ཀུའི་ནེ་ཡ་དང་ཙམ་པབ་ཝེ་ལ་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱས་ཡོད། གོམ་སྟབས་རྗེས་མར།