ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་བརྗོད་དོན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་གྱི་མི་མཐུན་ས་ཐག་གཅོད་འོས་འཚམ་བྱ་རྒྱུའི་རེ་བ་ཡོད།

2021-02-24 14:39:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཨ་རི་ཕྱོགས་ཀྱིས་བཟོ་ཚོང་ཁེ་ལས་ལས་རིགས་དང་རྒྱལ་ཁབ་ཕྱི་ནང་གི་དཔྱོད་ལྡན་མི་སྣའི་རེ་འབོད་ཉན་ནས་འབྲེལ་ཡོད་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་རྒྱ་ཆེར་གཏོང་བ། དཔལ་འབྱོར་ཚོང་དོན་གྱི་མི་མཐུན་ས་ཐག་གཅོད་འོས་འཚམ་བྱེད་པ་བཅས་བྱས་ཏེ་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཚེས་18ཉིན་ཨ་རིའི་ནོར་སྲིད་པུའུ་ཀྲང་ཡེ་ལུན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས། ད་ལྟའི་དུས་མཚམས་སུ་ཡང་ཐེ་རོན་ཕུ་སྲིད་གཞུང་གིས་ཀྲུང་གོར་སྒོ་ཁྲལ་སྤར་བ་དེ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས། ཀྲུང་གོས་ཁས་ལེན་མུ་མཐུད་ལག་བསྟར་བྱ་རྒྱུའི་རེ་བ་ཡོད་ལ་ཨ་རིས་ཀྱང་འོས་འཚམ་གྱི་བྱེད་ཐབས་ལ་བརྟེན་ནས་མདུན་སྐྱོད་བྱེད་པར་ཚོད་སྐོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
གཞན་ཡང་ཚེས་17ཉིན་ཨ་རིའི་ཚོང་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ཞིག་ནང་མངོན་གསལ། ཨ་རི་དང་ཀྲུང་གོ་ཕྱོགས་ཡོངས་ནས་འབྲེལ་བ་ཆད་ན་ཨ་རིར་ཨ་སྒོར་དུང་ཕྱུར་སྟོང་ཕྲག་དུ་མའི་གྱོང་གུན་ཚབས་ཆེན་ཕོག་ནས། ཨ་རིའི་མཁའ་འགྲུལ་དང་། གློག་འདྲེན་ཕྱེད་རྫས། རྫས་འགྱུར་བཟོ་ལས། སྨན་བཅོས་ཡོ་ཆས་སོགས་ལས་རིགས་ལ་གྱོང་གུན་ཆེན་པོ་ཕོག་རྒྱུ་ཡིན་པ་རེད།

ཧྭ་ཁྲུན་ཡིང་གིས་འབྲེལ་ཡོད་དྲི་བར་ལན་བརྒྱབ་སྐབས། ཨ་རིའི་སྐབས་གོང་མའི་སྲིད་གཞུང་གིས་ཀྲུང་གོར་ཚོང་དོན་གྱི་འཁྲུག་རྩོད་བསླངས་པར་ཨ་རིའི་རྒྱལ་ནང་དུ་ངོ་རྒོལ་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད་པ་དང་། བྱེད་སྟངས་དེ་རིགས་ཀྱིས་ཨ་རིའི་རང་ངོས་ཀྱི་གནད་དོན་ཐག་གཅོད་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་ཨ་རི་རང་ཉིད་ཀྱི་ཁེ་ལས་དང་འཛད་སྤྱོད་པར་གྱོང་གུན་བཟོ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

ཁོང་གིས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པ་དང་ཚོང་དོན་འཁྲུག་རྩོད་ནང་རྒྱལ་ཁ་ཐོབ་མཁན་མེད་པས་དེར་དོན་དངོས་མང་པོས་ར་སྤྲོད་བྱས་ཡོད། ཨ་རིའི་ཚོང་ཚོགས་ཀྱི་སྙན་ཞུ་དེས་ཀྱང་ཡང་བསྐྱར་ར་སྤྲོད་བྱས་ཡོད།“ཀྲུང་གོ་དང་འབྲེལ་བ་ཆད་པ་ནི་གོ་སྐབས་དང་། འབྱུང་འགྱུར། འཛམ་གླིང་བཅས་དང་འབྲེལ་བ་ཆད་པ་ཞིག་ཡིན”ཞེས་བརྗོད་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

ཕྱི་འབྲེལ་པུས་བརྗོད་དོན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་གྱི་མི་མཐུན་ས་ཐག་གཅོད་འོས་འཚམ་བྱ་རྒྱུའི་རེ་བ་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཨ་རི་ཕྱོགས་ཀྱིས་བཟོ་ཚོང་ཁེ་ལས་ལས་རིགས་དང་རྒྱལ་ཁབ་ཕྱི་ནང་གི་དཔྱོད་ལྡན་མི་སྣའི་རེ་འབོད་ཉན་ནས་འབྲེལ་ཡོད་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བྱས་ཏེ་ཀྲུང་གོ་ཕ