ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་ཀེན་ཐིན་གྱིས་ཀྲུང་གོ་རྒྱལ་སྨན་ཚོཌ་པས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་འཕྲལ་མར་སྤྱོད་རྒྱུའི་ཆོག་མཆན་སྤྲད་པ།

2021-02-24 14:32:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་2ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཨ་ཀེན་ཐིན་གྱི་གསར་དུ་བསྐོ་གཞག་བྱས་པའི་འཕྲོད་བསྟེན་པུའུ་ཀྲང་གཱ་ལ·པི་སུའོ་ཏིས་གྲོས་ཆོད་ཅིག་ལ་མིང་རྟགས་བཀོད་ནས། ཀྲུང་གོ་སྨན་རྫས་ཚོགས་པ་ཚད་ཡོད་ཀུང་སིས(རྒྱལ་སྨན་ཚོགས་པ)ཞིབ་འཇུག་གསར་སྤེལ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཨ་ཀེན་ཐིན་དུ་འཕྲལ་མར་སྤྱོད་རྒྱུའི་ཆོག་མཆན་དངོས་སུ་སྤྲད་པ་རེད།

ཨ་ཀེན་ཐིན་འཕྲོད་བསྟེན་པུའི་མགྲིན་ཚབ་པས།

ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱས་པ་ལས་ཀྲུང་གོ་རྒྱལ་སྨན་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ནི་བདེ་འཇགས་དང་ཕན་ནུས་ལྡན་པ་ཞིག་ཡིན་པ་མངོན་ཡོད། ཨ་ཀེན་ཐིན་གྱི་སྨན་རྫས་དོ་དམ་སྒྲིག་གཞིའི་གྲོས་འགོའི་འོག འཕྲོད་བསྟེན་པུས་ཀྲུང་གོའི་ཏོག་གསར་རིམས་འགོག་སྨན་ཁབ་དེ་ཨ་ཀེན་ཐིན་གྱི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་འཆར་གཞིའི་ནང་འཇུག་རྒྱུའི་གཏན་འཁེལ་བྱས་ཡོད་ཅེས་བརྗོད་པ་རེད།

ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སིས་ཉིན་དེར།

ཨ་ཀེན་ཐིན་དུ་མིག་སྔར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་མཁན་ཁྲི་70ལྷག་ཙམ་བྱུང་ཡོད་པའི་ནང་ནས་མི་ཁྲི་40ལྷག་ཙམ་གྱིས་སྨན་ཁབ་ཐེངས་གཉིས་པ་བརྒྱབ་ཡོད། རིམས་འགོག་སྨན་ཁབ་དེ་བས་མང་བ་གནས་འདིར་འབྱོར་བ་དང་བསྟུན་ནས་ཨ་ཀེན་ཐིན་གྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་ཤུགས་མགྱོགས་སུ་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

ཨ་ཀེན་ཐིན་གྱིས་ཀྲུང་གོ་རྒྱལ་སྨན་ཚོཌ་པས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་འཕྲལ་མར་སྤྱོད་རྒྱུའི་ཆོག་མཆན་སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་2ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཨ་ཀེན་ཐིན་གྱི་གསར་དུ་བསྐོ་གཞག་བྱས་པའི་འཕྲོད་བསྟེན་པུའུ་ཀྲང་གཱ་ལ·པི་སུའོ་ཏིས་གྲོས་ཆོད་ཅིག་ལ་མིང་རྟགས་བཀོད་ནས། ཀྲུང་གོ་སྨན་རྫས་ཚོགས་པ་ཚད་ཡོད་ཀུང་སིས(རྒྱལ་སྨན་ཚོགས་པ