ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨོ་སི་ཁྲུ་ལི་ཡར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ།

2021-02-24 14:27:00     责编:sangjzm

ཚེས་21ཉིན་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་འཕྲོད་བསྟེན་པུའུ་ཀྲང་ཀེ་ལེ་ཀེ·ཧེང་ཐེས་སྨྱན་སྦྱོར་ལ་རྒྱལ་ཁབ་དེས་ཚེས་22ཉིན་ཏོག་གསར་རིམས་འགོག་སྨན་ཁབ་གཞི་ཁྱོན་ཆེན་པོའི་སྒོ་ནས་རྒྱག་འགོ་འཛུགས་རྒྱུའི་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་དོན་དངོས་ཐོག་སྨན་ཁབ་རྒྱག་པའི་ལས་དོན་དེ་ཚེས་21ཉིན་ནས་འགོ་ཚུགས་ཡོད། རྒྱལ་ས་ཁན་པེ་རར་ལོ་22ལ་སླེབས་པའི་སྨན་གཡོག་མའེ་ཏི·ཝུའེ་ལན་མུའུ་སི་ལ་རིམས་འགོག་སྨན་ཁབ་བརྒྱབ་པས་གྲོང་ཁྱེར་དེའི་རིམས་འགོག་སྨན་ཁབ་གཟེད་མཁན་དང་པོ་དེར་གྱུར་ཡོད་པ་རེད།

འདི་ནི་ཟླ་2ཚེས་22ཉིན་ཨོ་སི་ཁྲུ་ལི་ཡའི་འཕྲོད་བསྟེན་པུའུ་ཀྲང་ཀེ་ལེ་ཀེ·ཧེང་ཐེས(གཡོན་གྱི་གཉིས་པ)ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཁན་པེ་རའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་སའི་སྟབས་བདེའི་སྨན་བཅོས་ཁང་དུ་རྒྱལ་སའི་ཁུལ་གྱི་ཏོག་གསར་རིམས་འགོག་སྨན་ཁབ་གཟེད་མཁན་དང་པོ་སྨན་གཡོག་མའེ་ཏི·ཝུའེ་ལན་མུའུ་སི(གཡས་ཀྱི་གཉིས་པ)དང་གླེང་མོལ་བྱེད་བཞིན་པ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

ཨོ་སི་ཁྲུ་ལི་ཡར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ།

ཚེས་21ཉིན་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་འཕྲོད་བསྟེན་པུའུ་ཀྲང་ཀེ་ལེ་ཀེ·ཧེང་ཐེས་སྨྱན་སྦྱོར་ལ་རྒྱལ་ཁབ་དེས་ཚེས་22ཉིན་ཏོག་གསར་རིམས་འགོག་སྨན་ཁབ་གཞི་ཁྱོན་ཆེན་པོའི་སྒོ་ནས་རྒྱག་འགོ་འཛུགས་རྒྱུའི་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་དོན་དངོས་ཐོག་སྨན་ཁབ་རྒྱག་པ