ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིས་ཐཱན་སྙོམས་མངོན་འགྱུར་བྱ་རྒྱུའི་སྐོར་གྱི་ཞིབ་ཕྲའི་འཆར་གཞི་འདོན་རྒྱུའི་རེ་བ་ཡོད།

2021-02-24 11:05:00     责编:sangjzm

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་བརྗོད་དོན། ཨ་རིས་ཐཱན་སྙོམས་མངོན་འགྱུར་བྱ་རྒྱུའི་སྐོར་གྱི་ཞིབ་ཕྲའི་འཆར་གཞི་འདོན་རྒྱུའི་རེ་བ་ཡོད།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལི་སིས། ཨ་རི《ཕ་རི་སིའི་གྲོས་ཆོད》ནང་དངོས་སུ་བསྐྱར་ལོག་བྱས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱས་པའི་གོ་ལ་ཧྲིལ་པོའི་ཐཱན་སྙོམས་མནའ་འབྲེལ་ནང་གང་མགྱོགས་ཞུགས་རྒྱུ་མ་ཟད། 2050ལོའི་གོང་དུ་ཐཱན་སྙོམས་མངོན་འགྱུར་བྱེད་པའི་ཐད་ཞིབ་ཕྲའི་འཆར་གཞི་འདོན་རྒྱུའི་རེ་བའང་ཡོད་ཅེས་བརྗོད།

ཚེས་19ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས། ཨ་རིས་དེ་ཉིན་དངོས་སུ《ཕ་རི་སིའི་གྲོས་ཆོད》ནང་བསྐྱར་དུ་ཞུགས་ཡོད། ཀུ་ཐེ་ལི་སིས་དེ་ཉིན་བརྙན་ལམ་ཚོགས་འདུ་ཞིག་ལ་ཞུགས་སྐབས། ཨ་རིའི་བྱེད་ཐབས་དེ་ཨ་རི་དང་འཛམ་གླིང་ཡོངས་ཀྱི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་རེད། ཉེ་བའི་ལོའི་ནང་། ཨ་རི་གྲོས་ཆོད་ནང་ཞུགས་མེད་པ་དེས《ཕ་རི་སིའི་གྲོས་ཆོད》ཀྱང་ཆ་མི་ཚང་བར་འགྱུར་ཡོད་ཅེས་བརྗོད།

ཀུ་ཐེ་ལི་སིས། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཉེ་བའི་ལོའི་ནང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ལས་དོན་གང་ཞིག་ཀྱང་བསྒྲུབས་མེད་མོད། འོན་ཀྱང་ཨ་རིའི་ས་གནས་སྲིད་གཞུང་དང་ཁེ་ལས་སོགས་ཁག་གཅིག་གིས་སྔར་བཞིན《ཕ་རི་སིའི་གྲོས་ཆོད》ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱེད་བཞིན་ཡོད། དེར་བརྟེན་ཨ་རིས་དེའི་རྨང་གཞིའི་ཐོག་སྤོབས་སེམས་ཆེན་པོས་རྒྱལ་ཁབ་ཀྱི་རང་རྟེན་ལེགས་སྐྱེས་འབུལ་བའི་ལོ་བཅུའི་འཆར་གཞི་འདོན་རྒྱུའི་རེ་བ་ཡོད་ཅེས་བརྗོད།

ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུས་2017ལོའི་ཟླ་6པར་ཨ་རི《ཕ་རི་སིའི་གྲོས་ཆོད》ནས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། 2020ལོའི་ཟླ་11ཚེས་4ཉིན་ཨ་རི་དངོས་སུ་གྲོས་ཆོད་ནས་ཕྱིར་འཐེན་བྱས་པ་རེད། བྱེད་སྟངས་དེར་ཨ་རིའི་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་རྒྱ་ཁྱབ་བྱས་ཡོད།
2021ལོའི་ཟླ་1ཚེས་20ཉིན་པའེ་ཀྲེན་གྱིས་ཨ་རིའི་ཙུང་ཐུང་གི་འགན་ཁུར་བའི་ཉིན་དང་པོར་སྲིད་འཛིན་གྱི་བཀའ་རྒྱར་མིང་རྟགས་བཀོད་དེ་ཨ་རི《ཕ་རི་སིའི་གྲོས་ཆོད》ནང་བསྐྱར་དུ་ཞུགས་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ལ་ཡིག་ཆའང་འབུལ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། གྲོས་ཆོད་དེ་གཞིར་བཟུང་ཨ་རི་གྲོས་ཆོད་ནང་བསྐྱར་དུ་ཞུགས་པ་དང་ཡིག་ཆ་འབུལ་ཉར་བྱས་རྗེས་ཀྱི་ཉིན་30ནས་བཟུང་གོ་ཆོད་ཀྱི་ནུས་པ་ཐོན་རྒྱུ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

ཨ་རིས་ཐཱན་སྙོམས་མངོན་འགྱུར་བྱ་རྒྱུའི་སྐོར་གྱི་ཞིབ་ཕྲའི་འཆར་གཞི་འདོན་རྒྱུའི་རེ་བ་ཡོད།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལི་སིས། ཨ་རི《ཕ་རི་སིའི་གྲོས་ཆོད》ནང་དངོས་སུ་བསྐྱར་ལོག་བྱས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲི