ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་ཁོའོ་ཤིང་གིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཧྥི་ལི་ཕིན་དུ་འཕྲལ་མར་སྤྱོད་རྒྱུའི་ཆོག་མཆན་སྤྲད་པ།

2021-02-24 11:00:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ནི་ལ་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཧྥི་ལི་ཕིན་བཟའ་བཅའ་དང་སྨན་རྫས་དོ་དམ་ཅུས་ཀྱིས་ཀྲུང་གོ་ཁོའོ་ཤིང་ཀུང་སིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་འཕྲལ་མར་སྤྱོད་རྒྱུའི་ཆོག་མཆན་དངོས་སུ་སྤྲད་པ་རེད།

ཧྥི་ལི་ཕིན་བཟའ་བཅའ་དང་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཨེན་ལི་ཁེཏུའོ་མིང་ཀེས་དེ་ཉིན་རྒྱལ་ཁབདེའི་འབྲེལ་ཡོད་ལྟ་འདོམས་སྒྲིག་གཞི་དང་གསོ་རིག་རིགས་གཅིག་མཁས་ཅན་གྱིས་འབྲེལ་ཡོད་གྲངས་གཞིའི་ཆ་འཕྲིན་ལ་ཞིབ་དཔྱད་ཆ་ཚང་ཞིང་ནན་པོ་བྱས་རྗེས་ཁོའོ་ཤིང་གི་རིམས་འགོག་སྨན་ཁབ་ཀྱིས་ཏོག་གསར་གློ་ཚད་འགོ་རྒྱུ་སྔོན་འགོག་ནུས་ལྡན་ཐུབ་ལ་འབྲེལ་ཡོད་ཀྱི་ཆ་རྐྱེན་དང་འཚམ་པས་ཧྥི་ལི་ཕིན་བཟའ་བཅའ་དང་སྨན་རྫས་དོ་དམ་ཅུས་ཀྱིས་ཁོའོ་ཤིང་གི་རིམས་འགོག་སྨན་ཁབ་འཕྲལ་མར་སྤྱོད་རྒྱུའི་ཆོག་མཆན་དངོས་སུ་སྤྲད་ཡོད་ཅེས་བརྗོད་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有