ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་རན་གྱི་ཉིང་རྡུལ་གནད་དོན་ལ་དབྱེ་འབྱེད་གྲོས་མོལ་བྱེད་པའི་གོ་སྐབས་ཐོབ་པ།

2021-02-23 15:39:00     责编:sangjzm

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་བྱ་ཀེ་ལོའུ་ཞིས་སྤྱི་ཚེས་21ཉིན་ཏེ་ཧེ་ལན་དུ་དབྱི་རན་གྱི་དཔོན་རིགས་དང་མཇལ་འཛོམས་ཞུས་ནས་ཕྱོགས་གཉིས་པོའི་བར་དུས་ཡུན་རིང་ཤོས་ལ་ཟླ་བ་གསུམ་གྱི་གནས་སྐབས་ལག་རྩལ་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། དེའི་རིང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་མུ་མཐུད་དགོས་ངེས་ཀྱི་ཉིང་རྡུལ་བརྟག་དཔྱད་དང་ལྟ་སྐུལ་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

དབྱེ་ཞིབ་མི་སྣས། གྲོས་ཆོད་དེར་གྲོས་འཆམ་བྱུང་བ་དེས་ཕྱི་ཕྱོགས་ལ་དབྱི་རན་གྱིས་དབྱི་རན་ཉིང་རྡུལ་གྲོས་ཆོད་ཀྱི་སྒྲོམ་གཞི་བརྒྱུད་གནད་དོན་ཐག་གཅོད་ཐུབ་རྒྱུའི་རྣམ་འགྱུར་སྟོན་པ་གསལ་བཤད་བྱས་པ་དང་། དེས་དབྱེ་འབྱེད་གྲོས་མོལ་བརྒྱུད་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པར་དུས་ཡུན་ཟླ་བ་གསུམ་གྱི་དུས་ཚོད་སྤྲད་ཡོད། ཨ་རི་དང་དབྱི་རན་གྱིས་དུས་ཡུན་ཟླ་བ་གསུམ་བེད་སྤྱོད་གང་ལེགས་བྱས་ཏེ་དབྱེ་འབྱེད་གྲོས་མོལ་བརྒྱུད་ཕྱོགས་འགལ་ཐག་གཅོད་ཐུབ་མིན་དེ་མིག་སྔའི་དབྱི་རན་ཉིང་རྡུལ་གི་བྱ་དཀའ་བྱེད་གཏད་ཀྱི་གནས་བབ་ལས་སྒྲོལ་ཐུབ་མིན་གྱི་འགག་རྩར་གྱུར་ཡོད་ཅེས་བསྟན་ཡོད།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་རན་དང་སྤྱི་ཚེས་21ཉིན་ཡོངས་བསྒྲགས་བྱས་པའི་མཉམ་འབྲེལ་གསལ་བསྒྲགས་ནང་། ཕྱོགས་གཉིས་པོའི་བར་བཞག་པའི་གནས་སྐབས་ལག་རྩལ་གྲོས་ཆོད་ལ་གཞིགས་ན། དབྱི་རན་གྱིས་ཉིང་རྡུལ་སྒྲིག་ཆས་ཀྱི་བརྙན་མཐོང་དང་ལྟ་སྐུལ་ཚོད་འཛིན་གྱི་ཡིག་ཆ་ཁག་གཅིག་ཉར་ཚགས་བྱ་རྒྱུ་ཡིན་པ་རེད། གལ་ཏེ་ཟླ་བ་གསུམ་རིང་ཨ་རིས་དབྱི་རན་ལ་བཀག་སྡོམ་བྱེད་མཚམས་བཞག་ཚེ། དབྱི་རན་གྱིས་ལྟ་སྐུལ་ཚོད་འཛིན་ཡིག་ཆ་དེ་དག་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལ་སྤྲོད་རྒྱུ་ཡིན་པ་རེད། གལ་ཏེ། སྐབས་དེ་དུས་བཀག་སྡོམ་མེད་པ་མ་བཟོས་ཚེ། དབྱི་རན་གྱིས་ཡིག་ཆ་དེ་དག་མེད་པ་བཟོ་རྒྱུ་ཡིན་པ་རེད།

ཀེ་ལོའུ་ཞིས་ཉིན་དེར། གྲོས་ཆོད་དེས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་རན་དུ་བྱ་སྤྱོད་སྤེལ་བའི་དུས་ཚོད་ལ་འགྱུར་བ་བྱུང་ཡོད་ནའང་ཉིང་རྡུལ་བརྟག་དཔྱད་མི་སྣའི་གྲངས་འབོར་ཉུང་དུ་གཏོང་མི་སྲིད་ལ་ཉིང་རྡུལ་བརྟག་དཔྱད་ཀྱི་ལྟ་སྐུལ་དེ་དགོས་ངེས་ཀྱི་ཆུ་ཚད་ཐོག་རྒྱུན་འཁྱོངས་བྱེད་པ་དང་། གློ་བུར་གྱི་བརྟག་དཔྱད་ཀྱང་མུ་མཐུད་བྱ་རྒྱུ་རེད། ཡིན་ནའང་ཉིང་རྡུལ་སྒྲིག་ཆས་ཡོད་སར་སྐྱོད་པའི་གོ་སྐབས་ཉུང་དུ་འགྲོ་ཉེན་ཡོད་ཅེས་བསྟན་འདུག

དབྱི་རན་གྱིས་དབྱི་རན་ཉིང་རྡུལ་གྲོས་ཆོད་ནང་ཁས་ལེན་བྱས་པའི་ཆ་ཤས་ཤིག་ཡིན་པའི་ངོས་ནས། དབྱི་རན་གྱིས་རང་མོས་ངང་ཉིང་རྡུལ་མཚོན་ཆ་རྒྱ་སྐྱེད་མི་གཏོང་བའི་ཆིངས་ཡིག་ནང་གི་ཞོར་གཏོགས་གྲོས་ཆོད་ཡིག་ཆ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལ་དབྱི་རན་གྱི་ཉིང་རྡུལ་བྱེད་སྒོར་རྒྱ་ཁྱབ་ཏུ་ལྟ་སྐུལ་བྱེད་པའི་དབང་ཆ་སྤྲོད་དགོས་ཀྱི་ཡོད། གྲོས་ཆོད་ཡི་གེ་དེ་ལག་བསྟར་བྱེད་མཚམས་བཞག་པ་དེས་དབང་ཆ་དེ་དག་གནས་སྐབས་མེད་པར་འགྱུར་རྒྱུ་ཡིན་པ་མཚོན་གྱི་ཡོད་པ་རེད།

དབྱེ་ཞིབ་མི་སྣས། ད་ཐེངས་བཞག་པའི་གྲོས་ཆོད་ཀྱིས་དབྱི་རན་ནས་བརྙན་མཐོང་གི་ལྟ་སྐུལ་ཚོད་འཛིན་ཡིག་ཆ་ཉར་ཚགས་བྱ་རྒྱུའི་ཆ་རྐྱེན་གྱིས་ཚད་བཀག་ཐེབས་པའི་ཆ་ཤས་ལ་ཉིང་རྡུལ་བརྟག་དཔྱད་བྱ་རྒྱུ་ཡིན་པས། དེས་མཁྲེག་བཟུང་ཤོག་ཁག་གིས་གཙོ་ཁྲིད་བྱས་པའི་དབྱི་རན་གྱི་གྲོས་ཚོགས་ཁང་གི་རེ་བ་སྐོང་ཐུབ་པ་མ་ཟད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཚད་གཞི་ངེས་ཅན་ཞིག་གི་ཉིང་རྡུལ་བརྟག་དཔྱད་ཀྱི་དབང་ཚད་སོར་འཇོག་ཐུབ་པ་དང་། འབྱུང་འགྱུར་ལྟ་སྐུལ་ཚོད་འཛིན་ཡིག་ཆར་ཞིབ་བཤེར་བྱེད་ཉེན་ཡོད་པས། དེ་ནི་ཕྱོགས་ཁག་ཚང་མས་དང་ལེན་ཐུབ་པའི་བྱ་ཐབས་ཤིག་རེད་ཅེས་བསྟན་ཡོད།

དབྱེ་ཞིབ་མི་སྣས། ད་ཐེངས་དབྱི་རན་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྲོས་ཆོད་བཞག་པ་དེས་དབྱི་རན་གྱིས་ལས་ཁུངས་དེ་དང་མཉམ་ལས་བྱེད་འདོད་ཡོད་པའི་བསམ་པ་མངོན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་རང་ཉིད་ཀྱི་ཉིང་རྡུལ་བྱེད་སྒོར་ཁ་གསལ་རང་བཞིན་ངེས་ཅན་ཡོད་པ་མངོན་པ་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གིས་དབྱི་རན་ནས་ཉིང་རྡུལ་དབང་རེ་བྱེད་པའི་སྐྱོན་འཛུགས་ལ་ངོ་རྒོལ་བྱ་ཆེད་ཡིན་པ་རེད།
དབྱི་རན་གྱིས་དེའི་གོང་དབྱི་རན་གྱི་ཉིང་རྡུལ་གྲོས་ཆོད་ཀྱི་དབང་ཚད་ལས་བརྒལ་བ་ནི་ཨ་རིས་གང་སྔ་དབྱི་རན་གྱི་བཀག་སྡོམ་མེད་པ་བཟོ་རྒྱུར་འཇིགས་སྣང་སྐུལ་བ་ཞིག་ཡིན། གྲོས་ཆོད་ནང་ཕྱོགས་ཁག་ཚང་མས་དང་ལེན་ཐུབ་པའི་རྣམ་པ་སྤྱད་པའི་ཐོག་ནས་དབྱི་རན་གྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་མཉམ་ལས་བྱེད་པའི་ལྷག་བསམ་མངོན་ཡོད་པ་རེད།

དེ་དང་ཆབས་ཅིག་དབྱི་རན་གྱི་བྱ་ཐབས་དེ་ཡང་ཨ་རིས་དེའི་གོང་དགེ་མཚན་ལྡན་པའི་བརྡ་འཕྲིན་བཏང་བར་ལན་ཆ་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། ཨ་རིའི་གསར་དུ་བསྐོ་བཞག་བྱས་པའི་ཙུང་ཐུང་པའེ་ཏེང་གིས། མ་གཞི་ཨ་རི་དེ་ཉིད་དབྱི་རན་གྱི་ཉིང་རྡུལ་གྲོས་ཆོད་ནང་བསྐྱར་ལོག་བྱེད་འདོད་ཡོད་ཀྱང་དབྱི་རན་གྱིས་དང་ཐོག་དབྱི་རན་གྱི་ཉིང་རྡུལ་གྲོས་ཆོད་ལ་སླར་ཡང་བརྩི་སྲུང་ཞུས་ཚེ། ཨ་རིས་གཞི་ནས་དབྱི་རན་གྱི་བཀག་སྡོམ་མེད་པ་བཟོ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། དེས་ཕྱོགས་གཉིས་པོ་ལས་སུས་སྔོན་ལ་གོམ་པ་གང་སྤོ་རྒྱུའི་གནད་དོན་དེ་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་ལྷུངས་ཡོད། འོན་ཀྱང་། འདི་ཟླའི་ཚེས་18ཉིན། ཨ་རིའི་རྒྱལ་དོན་ཁང་གིས། ཨ་རིས་དབྱི་རན་ཚུད་པའི་དབྱི་རན་གྱི་ཉིང་རྡུལ་གྲོས་ཆོད་ནང་ཞུགས་མཁན་ཕྱོགས་ཁག་དང་ཐུག་འཕྲད་བྱས་ཏེ་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཅེས་བསྟན་ཡོད་པ་རེད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་གླིང་ཞིབ་འཇུག་ཁང་ཆབ་སྲིད་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཐང་ཀྲེ་ཁྲའོ་ཡིས། ད་ཐེངས་དབྱི་རན་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྲོས་ཆོད་འཇོག་ཐུབ་པའི་རྒྱུ་རྐྱེན་གལ་ཆེ་ཤོས་ཤིག་ནི་མིག་སྔར་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་ཕྱོགས་ཁག་ཚང་མས་རྣམ་འགྱུར་ཡག་པོ་བསྟན་པས། ཛ་དྲག་ནས་ཞི་ལྷོད་དུ་འགྱུར་བ་དང་། ལྷག་པར་དུ་ཨ་རིའི་ལངས་ཕྱོགས་ཉེ་དུས་ལྷུག་ཏུ་སོང་བས་ཡིན་པ་རེད། འོན་ཀྱང་དབྱེ་ཞིབ་པ་ཁག་གཅིག་གིས། ཨ་རིའི་བྱ་སྤྱོད་ཀྱི་མཚོན་རྟགས་རང་བཞིན་དེ་དོན་ངོ་མ་ལས་མང་བ་ཡོད་པ་དང་། དབྱི་རན་གྱིས་ད་ཐེངས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་བཞག་པའི་གྲོས་ཆོད་ཀྱང་ངོ་བོའི་རང་བཞིན་གྱི་ཕྱིར་བཤོལ་བྱས་པ་ཞིག་མིན། མ་ཟད། དབྱི་རན་གྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཉིང་རྡུལ་བརྟག་དཔྱད་དབང་ཚད་ཁག་གཅིག་ལ་ཚད་བཀག་བཟོས་ཡོད། དེར་བརྟེན་ཉིང་རྡུལ་གྲོས་ཆོད་ཀྱི་ཚད་བཀག་ལས་མུ་མཐུད་བརྒལ་ནས་ཨ་རིར་གནོན་ཤུགས་སྤྲོད་ཉེན་ཡོད་ཅེས་བསྟན་གནང་ཡོད།

དབྱེ་ཞིབ་མི་སྣས། ཨ་རིས་སྤྱི་ཚེས་18ཉིན་བརྡ་འཕྲིན་བཟང་པོ་བཏང་རྗེས་སྤྱི་ཚེས་19ཉིན་དབྱི་རན་གྱི་གྲོས་ཆོད་ནང་ཞུགས་མཁན་ཕྱོགས་ཁག་གིས་གླེང་མོལ་མ་བྱས་གོང་བཀག་སྡོམ་ལྷུག་གཏོང་སོགས་ཀྱི་བྱ་སྤྱོད་སྤྱད་དེ་དབྱི་རན་གྱིས་གཞོགས་འདེགས་བྱ་རྒྱུ་དང་བརྗེ་རེས་བྱེད་མི་སྲིད། མིག་སྔའི་དུས་བབ་དེ་ཕྱོགས་གཉིས་ཀས་ཕྱིར་བཤོལ་ཕྲན་ཙམ་བྱས་རྗེས་མུ་མཐུད་འགྲན་རྩོད་བྱེད་པར་བརྩིས་ཆོག་གི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

དབྱི་རན་གྱི་ཉིང་རྡུལ་གནད་དོན་ལ་དབྱེ་འབྱེད་གྲོས་མོལ་བྱེད་པའི་གོ་སྐབས་ཐོབ་པ།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་བྱ་ཀེ་ལོའུ་ཞིས་སྤྱི་ཚེས་21ཉིན་ཏེ་ཧེ་ལན་དུ་དབྱི་རན་གྱི་དཔོན་རིགས་དང་མཇལ་འཛོམས་ཞུས་ནས་ཕྱོགས་གཉིས་པོའི་བར་དུས་ཡུན་རིང་ཤོས་ལ་ཟླ་བ་གསུམ་གྱི་གནས་སྐབས་ལག་རྩལ་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། དེའི་རིང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་མུ་མཐུད་དགོས་ངེས་ཀྱི་ཉིང