ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་འཇར་མན་གྱི་ཉོ་ཚོང་ལྡོག་འཕར་བྱུང་བ་དང་ཀྲུང་གོ་བསྟུད་མར་ལོ་ལྔ་འཇར་མན་གྱི་ཉོ་ཚོང་རོགས་པ་ཆེ་ཤོས་ལ་གྱུར་བ།

2021-02-23 15:19:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུད་ཀྱིས་སྤྱི་ཚེས་22ཉིན་ཁྱབ་བསྒྲགས་བྱས་པར། མ་གཞི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནའང་སྤྱི་ལོ་2020ལོར་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་གཉིས་ཉོ་ཚོང་སྤྱི་འབོར་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་3འཕར་ནས་ཡོ་རོབ་སྒོར་མོ་དུང་ཕྱུར་2121ཙམ་ཟིན་པ་དང་། ཀྲུང་གོ་དེ་ཉིད་བསྟུད་མར་ལོ་ལྔ་འཇར་མན་གྱི་ཉོ་ཚོང་རོགས་པ་ཆེ་ཤོས་ལ་གྱུར་བ་དང་། ཧོ་ལན་དང་འཇར་མན་དང་། ཨ་རི་དང་འཇར་མན་གྱི་ཕྱོགས་གཉིས་ཉོ་ཚོང་སྤྱི་འབོར་ཨང་གཉིས་པ་དང་གསུམ་པར་སླེབས་ཏེ་ཁག་སོ་སོ་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར་1728དང་། ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར་1716ཟིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོ་བརྒྱ་ཆ་8.7དང་། བརྒྱ་ཆ་9.7ཆག་ཡོད། གཞན་ཡང་འཇར་མན་གློག་རླངས་གློག་རྡུལ་ལས་རིགས་མཐུན་ཚོགས་ཀྱིས་སྤྱི་ཚེས་22ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལས་རིགས་དེས་སྤྱི་ལོ་2020ལོར་ཀྲུང་གོར་ཕྱིར་གཏོང་བྱས་པའི་དངུལ་གྱི་སྤྱི་འབོར་ཡོ་རོབ་སྒོར་མོ་དུང་ཕྱུར་233ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་བརྒྱ་ཆ་6.5འཕར་ཡོད། ཀྲུང་གོ་ནི་སྔར་བཞིན་འཇར་མན་གྱི་གློག་རླངས་དང་གློག་རྡུལ་ཐོན་རྫས་ཕྱིར་གཏོང་བྱེད་སའི་ཁྲོམ་ར་ཆེ་ཤོས་དེ་ཡིན། ས་གནས་དེ་གའི་རིགས་གཅིག་མཁས་པས། ལས་རིགས་དེར་རིམས་ནད་ཀྱི་བརྡབ་གསིག་ཆེན་པོ་ཕོག་ནའང་སླར་གསོ་མགྱོགས་པོ་བྱུང་བ་དེ་ཀྲུང་གོའི་བར་གྱི་རོགས་པའི་འབྲེལ་བ་བཟང་པོ་དང་ཁ་བྲལ་ཐབས་མེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

中央广播电视总台 央广网 版权所有

ཀྲུང་གོ་དང་འཇར་མན་གྱི་ཉོ་ཚོང་ལྡོག་འཕར་བྱུང་བ་དང་ཀྲུང་གོ་བསྟུད་མར་ལོ་ལྔ་འཇར་མན་གྱི་ཉོ་ཚོང་རོགས་པ་ཆེ་ཤོས་ལ་གྱུར་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུད་ཀྱིས་སྤྱི་ཚེས་22ཉིན་ཁྱབ་བསྒྲགས་བྱས་པར། མ་གཞི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནའང་སྤྱི་ལོ་2020ལོར་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་གཉིས་ཉོ་ཚོང་སྤྱི་འབོར་དུས་མཚུངས་དང་བསྡ