ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན།

2021-01-23 10:57:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་ལས་གནད་དོན་ཐད་བརྙན་ལམ་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིང་གིས་གཏམ་བཤད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་མཉམ་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་ས་བཅད་བརྒྱད་པའི་དགོངས་དོན་གཞིར་བཟུང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ས་ཁུལ་དང་དེ་བཞིན་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་ནུས་པ་དེ་བས་ཆེ་བ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཏའེ་པིང་གིས་སྐད་ཆ་ཤོད་རེས་དང་གྲོས་བསྡུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འཛམ་གླིང་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་རྒྱུད་ཀྱི་གླེང་མང་བའི་གནད་དོན་རྩ་འཁྱུད་ཡལ་སྦྲེལ་ཞིག་ཡིན་པས་དུས་ཐུང་ནང་ཐག་གཅོད་ཐུབ་པ་ཞིག་རྩ་བ་ནས་མིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཏེ་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྐད་ཆ་ཤོད་རེས་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱེད་པ་དང་དགེ་མཚན་ལྡན་པའི་སྒོ་ནས་དུས་བབ་ལ་དོ་དམ་དང་ཚོད་འཛིན་བྱེད་དགོས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་རང་ངོས་ཀྱི་ལེགས་ཆ་སྤྱད་ནས་གདོང་ཐུག་སྔོན་འགོག་དང་བར་འདུམ་དང་འདུམ་འགྲིག་སོགས་ཐད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས། འབྲེལ་ཡོད་གདོང་ཐུག་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ནས་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།

ཏའེ་པིང་གིས་ཕྱོགས་མང་རིང་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ས་ཁུལ་བདེ་འཇགས་སྐོར་གྱི་སྐད་ཆ་ཤོད་རེས་ཀྱི་ལས་སྟེགས་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དྲག་ཤུགས་སྤེལ་བའམ་ཡང་ན་དྲག་ཤུགས་སྤྱད་ནས་འཇིགས་སྐུལ་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན་ལ། ཕྱི་ཕྱོགས་ཀྱི་ཐེ་ཇུས་དང་། བཙན་དབང་ཆབ་སྲིད། བཙན་ཤེད་རིང་ལུགས་བཅས་ལ་ངོ་རྒོལ་ཡང་བྱ་རྒྱུ་ཡིན། རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་ས་འབྲེལ་ཆབ་སྲིད་ཀྱི་སྒེར་ཕན་ཆེད་དུ་གདོང་ཐུག་དང་ཟིང་འཁྲུག་སློང་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་གཏུག་གཞུང་ལས་ཁང་གིས་ས་ཁུལ་བདེ་འཇགས་ཀྱི་སྐད་ཆ་ཤོད་རེས་ཀྱི་ལས་སྟེགས་གཏོད་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

ཏའེ་པིང་གིས་གདོང་ཐུག་གི་འབྱུང་རྩའི་གནད་དོན་མེད་པ་བཟོ་བར་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་དགོས། ས་ཁུལ་གྱི་ཡོ་ལང་གི་གནད་དོན་གཙོ་བོ་ཞིག་ནི་འཕེལ་རྒྱས་ཡག་པོ་མ་བྱུང་བས་ཡིན་པ་དང་མཐའ་མའི་འགྲོ་ལམ་ནི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཐུག་ཡོད། ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབྲེལ་ཡོད་རྒྱལ་ཁབ་ཀྱིས་དཔལ་འབྱོར་བསྐྱར་སྐྲུན་བྱ་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིང་གིས་གཏམ་བཤད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་མཉམ་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་ས་བཅད་བརྒྱད་པའི་དགོངས་དོན་གཞིར་བཟུང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡ