ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་བསྟན་དོན། ཨ་རི་ཕྱོགས《ཕ་རི་སིའི་གྲོས་ཆོད》དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནང་བསྐྱར་དུ་ལོག་པར་དགའ་བསུ་ཞུ་རྒྱུ་ཡིན།

2021-01-23 10:49:00     责编:sangjzm

⇑ འདི་ནི་ཟླ་1ཚེས་20ཉིན་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་ནས་པར་བླངས་པའི་ཕོ་བྲང་དཀར་པོ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། ཨ་རི་ཕྱོགས་གནམ་གཤིས་འགྱུར་ལྡོག་གི《ཕ་རི་སིའི་གྲོས་ཆོད》དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནང་བསྐྱར་དུ་ལོག་པར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཨ་རིའི་ཙུང་ཐུང་པའེ་ཀྲེན་གྱིས་ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་འགན་འཛིན་དམ་བཅའ་བཞག་རྗེས། ཉིན་དེའི་དགོང་མོ་ཨ་རི《ཕ་རི་སིའི་གྲོས་ཆོད》ནང་བསྐྱར་དུ་ལོག་རྒྱུ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་དོན་མཚམས་འཇོག་པ་སོགས་ཀྱི་སྲིད་འཛིན་བྱ་ཐབས་མང་པོ་ཞིག་ཁྱབ་བསྒྲགས་བྱས་པ་རེད།

ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དེའི་ཐད་ལན་རྒྱག་སྐབས་གོང་གསལ་ལྟར་བརྗོད་པ་རེད།

ཧྭ་ཁྲུན་ཡིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས《ཕ་རི་སིའི་གྲོས་ཆོད》ནང་བསྐྱར་དུ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཨ་རི་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་སྐབས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།《ཕ་རི་སིའི་གྲོས་ཆོད》ནི་ཕྱོགས་མང་རིང་ལུགས་ཀྱི་འབྲས་བུ་ཞིག་ཡིན་ཞིང་། དེར་རྒྱལ་ཁབ་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཡོད་ལ།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་པས། 2020ལོའི་རྗེས་སུ་རྒྱལ་སྤྱིས་མཉམ་ལས་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས་ཀྱི་བརྩི་སྲུང་ཞུ་ས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་ལས་བྱས་ཏེ་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་།《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། མཉམ་ལས་གཉིས་ཕན་དང་དྲང་གཞག་ལུགས་མཐུན་གྱི་གནམ་གཤིས་བཅོས་སྐྱོང་མ་ལག་མཉམ་དུ་སྐྲུན་པ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ཐཱན་ཉུང་ཕྱོགས་སྒྱུར་དང་རིམས་ནད་རྗེས་སུ་ལྗང་མདོག་སླར་གསོ་ཡོང་བར་རམ་འདེགས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

ཧྭ་ཁྲུན་ཡིང་གིས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནི་རྒྱལ་སྤྱིའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཆེད་ལས་སྒྲིག་གཞི་ཞིག་ཡིན་པ་དང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཁྲོད་འགོ་ཁྲིད་དང་མཐུན་སྦྱོར་གྱི་ནུས་པ་གཙོ་བོ་འདོན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཁག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་གྱི་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ལྷག་པར་དུ་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་སྔར་བཞིན་མཆེད་པའི་དུས་བབ་ཛ་དྲག་འོག ཨ་རི་ཕྱོགས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནང་བསྐྱར་དུ་ལོག་པར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཨ་རི་དང་དེ་བཞིན་རྒྱལ་ཁབ་གཞན་དག་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཕྱི་འབྲེལ་པུས་བསྟན་དོན། ཨ་རི་ཕྱོགས《ཕ་རི་སིའི་གྲོས་ཆོད》དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནང་བསྐྱར་དུ་ལོག་པར་དགའ་བསུ་ཞུ་རྒྱུ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། ཨ་རི་ཕྱོགས་གནམ་གཤིས་འགྱུར་ལྡོག་གི《ཕ་རི་སིའི་གྲོས་ཆོད》དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནང་བསྐྱར་དུ་ལོག་པར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།