ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཁ་ན་ཏའི་སྤྱི་འདོམས་ཕ་ཡེ་ཐེས་ལས་གནས་ལས་དགོངས་ཞུ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ།

2021-01-22 15:48:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁ་ན་ཏའི་རླུང་འཕྲིན་ཀུང་སིས་ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ན་ཏའི་སྤྱི་འདོམས་ཕ་ཡེ་ཐེས་ལས་གནས་ལས་དགོངས་ཞུ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། སྤྱི་འདོམས་ཀྱི་དྲུང་ཡིག་ཀྱང་དུས་མཉམ་དུ་ལས་གནས་དགོངས་ཞུ་བྱས་ཡོད། ཉིན་དེའི་སྔ་ཙམ་ཞིག་ལ། རང་ཚུགས་བརྟག་དཔྱད་ཀུང་སིས་ཁ་ན་ཏའི་ སྤྱི་འདོམས་ལས་ཤག་གི་ལས་ཀའི་ཁོར་ཡུག་ངན་པར་རང་ཚུགས་བརྟག་དཔྱད་བྱེད་མཇུག་སྒྲིལ་ཡོད། གནས་ཚུལ་ཤེས་མཁན་མི་སྣས་ཟུར་གསལ་བྱས་པར་གཞིགས་ན། བརྟག་དཔྱད་མཇུག་འབྲས་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད། 2020ལོའི་ཟླ་བ་7པར། དེ་སྔ་ སྤྱི་འདོམས་ལས་ཤག་ཏུ་ལས་ཀ་བྱེད་མྱོང་མཁན་དང་ད་ལྟ་དེ་གར་ལས་དོན་སྒྲུབ་བཞིན་ཡོད་པའི་མི་སྣས་སྨྱན་སྦྱོར་ལས་ཁུངས་ལ་གནས་ཚུལ་ཐེར་འདོན་བྱས་པར་གཞིགས་ན། སྤྱི་འདོམས་ལས་ཤག་གི་ལས་ཀའི་ཁོར་ཡུག་ཤིན་ཏུ་ངན་པ་དང་། སྤྱི་འདོམས་དང་སྤྱི་འདོམས་གྱི་དྲུག་ཡིག་ཚུད་པའི་དཔོན་རིགས་ཀྱིས་རྟག་ཏུ་དེ་གའི་ལས་དོན་མི་སྣར་མཐོང་ཆུང་དང་དམའ་འབེབས་གང་བྱུང་བྱེད་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཁ་ན་ཏའི་སྤྱི་འདོམས་ཕ་ཡེ་ཐེས་ལས་གནས་ལས་དགོངས་ཞུ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁ་ན་ཏའི་རླུང་འཕྲིན་ཀུང་སིས་ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ན་ཏའི་སྤྱི་འདོམས་ཕ་ཡེ་ཐེས་ལས་གནས་ལས་དགོངས་ཞུ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། སྤྱི་འདོམས་ཀྱི་དྲུང་ཡིག་ཀྱང་དུས་མཉམ་དུ་ལས་གནས་དགོངས་ཞུ་བྱས་ཡོད།