ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱིས་གོ་ལ་ཧྲིལ་པོའི་རིམས་འགོག་དམག་འཐབ་ལ་རམ་འདེགས་བྱས་པ།

2021-01-22 11:37:00     责编:sangjzm

⇑ འདི་ནི་ཐུར་ཁེའི་ཨན་ཁ་རར་སྨན་དོན་པས་ཀྲུང་གོས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་རྩིས་བྱེད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཡ་མ་ཤུན་གྱི་ཆར་ཞོད་ནགས་གསེབ་ནས་ཨན་ནཱ་ཐོ་ལི་ཡ་ས་མཐོའི་བར་དང་། ཨེ་ཤེ་ཡ་ཤར་ལྷོ་ནས་ལྷོ་ཀའོ་ཅ་སུའོ་བར་སོགས་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་མཆེད་པའི་སྐབས་སུ། ཀྲུང་གོས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་འཛམ་གླིང་གི་དགོས་མཁོ་ཆེ་སར་འབྱོར་ནས་སྲོག་ཉེན་ལས་སྐྱོབ་པའི་འགན་ལེན་ནུས་ལྡན་ཐུབ་ཡོད། རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་སྔོན་ལ་རིམས་འགོག་སྨན་ཁབ་རྒྱག་པ་དང་མངགས་ཐོ་ཟམ་མི་ཆད་པར་བཏང་ནས་རྒྱལ་ཁབ་སྔར་བས་མང་བས་བདེ་འཇགས་དང་ཕན་ནུས་ལྡན་ལ་ཚད་གཞི་ལོངས་པ་དང་འགན་འཁུར་བའི་ཀྲུང་གོའི་རིམས་འགོག་སྨན་ཁབ་ལ་ཡིད་ཆེས་བྱས་ཡོད།

བདེ་འཇགས་དང་ཕན་ནུས་ལྡན་པ་ནི་ཀྲུང་གོའི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱེད་པའི་ཚད་གཞི་དང་པོ་དེ་ཡིན། མ་གཞི་རྒྱལ་ཁབ་སོ་སོའི་ཚོད་ལྟའི་ཚད་གཞིར་ཧེ་བག་ཡོད་ཀྱང་། མིག་སྔར་ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་དང་ཕན་ནུས་ཀྱི་སྟོན་གྲངས་ཁག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཏན་ལ་ཕབ་པའི་ཁྲོམ་རར་འདོན་ཆོག་པའི་ཚད་གཞི་ལས་མཐོ་བ་ཡོད་པར་བརྟེན་མི་ཚོགས་ཆེན་པོར་སྲུང་སྐྱོང་བྱེད་པའི་ནུས་པ་ཐོན་གྱི་ཡོད་པ་རེད།

ཉེ་ཆར་ཧིན་རྡུ་ཉི་ཞི་ཡའི་སྨན་རྫས་དང་བཟའ་བཅའ་ལྟ་འདོམས་ཅུས་ཀྱིས་ཀྲུང་གོའི་ཁོའོ་ཤིན་ཀུང་སིའི་ཁེར་ལའེ་ཧྥུའུ་ཏོག་གསར་རིམས་འགོག་སྨན་ཁབ་ལ་ཧིན་རྡུ་ཉི་ཞི་ཡའི་དབན་ལུང་དུ་ནད་ཐོག་ཚོད་ལྟ་ཐེངས་གསུམ་བྱས་ནས་དེའི་ཕན་ནུས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཏན་ལ་ཕབ་པའི་50%ཡི་ཚད་གཞི་ལས་མཐོ་བ་ཡོད་པའི་ཁྱབ་བསྒྲགས་བྱས་པ་དང་། ཐུར་ཁེའི་འཕྲོད་བསྟེན་པུའི་པུའུ་ཀྲང་གིས་ཐུར་ཁེར་རིམས་འགོག་སྨན་ཁབ་རྒྱག་མཁན་དང་བླངས་པའི་གྲངས་གཞིར་དབྱེ་ཞིབ་རགས་ཙམ་བྱས་པ་ལས། ཁོའོ་ཤིན་ཀུང་སིའི་ཏོག་གསར་རིམས་འགོག་སྨན་ཁབ་ལ་ཕན་ནུས་ཐོན་ཚད་91.25%ཟིན་པ་མངོན་ཡོད་ཅེས་བརྗོད།

སར་པི་ཡའི་སྨན་རྫས་དང་སྨན་བཅོས་ཡོ་ཆས་ཅུས་ཀྱིས་འབྲེལ་ཡོད་ཡིག་ཆ་དང་ཚན་རིག་གི་བདེན་དཔང་ཞིབ་བཤེར་གཏན་འཁེལ་གྱི་གདེང་འཇོག་བྱས་རྗེས། ཡོ་རོབ་མནའ་འབྲེལ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚད་གཞིར་གཞིགས་ནས་ཅུས་དེས་ཏོག་གསར་གློ་ཚད་ཀྱི་ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱི་སྤུས་ཚད་དང་། ཕན་ནུས། བདེ་འཇགས་བཅས་ལ་ཁས་ལེན་བྱས་ཡོད་ཅེས་་་
བརྗོད་པ་རེད།

ཨར་ཅི་རི་ཡ་དང་། སར་པི་ཡ། ཨ་ཟེར་བྷེ་ཇན། ཧིན་རྡུ་ཉི་ཞི་ཡ། ཐུར་ཁེ། ཧྥི་ལིན་ཕིན་སོགས་རྒྱལ་ཁབ་སྔར་ལས་མང་བས་ཀྲུང་གོར་རིམས་འགོག་སྨན་ཁབ་མངགས་པས། ཀྲུང་གོའི་ཁེ་ལས་ཀྱིས་འབད་བརྩོན་བྱས་ནས་མངགས་ཐོའི་དགོས་མཁོ་སྐོང་ཐབས་བྱེད་ཀྱི་ཡོད། ཀྲུང་གོས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྔ་བར་ཕྱི་གསུམ་དུ་གཞོལ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་རིམས་འགོག་སྨན་ཁབ་ཀྱིས་ཕན་ནུས་ཐོན་ཐུབ་པ་དང་འགན་འཁུར་རྒྱུར་ནུས་པས་ལྕོགས་ཚོད་ཀྱིས་ལེགས་སྐྱེས་འབུལ་བཞིན་ཡོད་པ་རེད།

ནད་དུག་ལ་རྒྱལ་མཚམས་མེད་པ་དང་། རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་རང་ནུས་གཅིག་པུར་བརྟེན་མི་ཐུབ་པ་ཞིག་ཡིན་པས། ཉེན་ཁའི་གནས་སུ་གྱར་བའི་མི་རྣམས་སྲུང་སྐྱོང་ཐུབ་པ་བྱུང་ཚེ། མིའི་རིགས་ཀྱིས་ཏོག་གསར་གློ་ཚད་ཀྱི་ནད་དུག་ལས་ཡོངས་སུ་རྣམ་པར་རྒྱལ་ཏེ་ཁྱོན་ཡོངས་བདེ་འཇགས་ལྡན་པ་ཞིག་ཡོང་ཐུབ། ནད་བཅོས་སྲོག་སྐྱོབ་ཀྱི་ཡ་རབས་སྲོལ་རྒྱུན་ལྡན་པའི་ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱིས་གོ་ལ་ཧྲིལ་པོའི་རིམས་འགོག་ལ་ཡིད་ཆེས་འཕེལ་བ་དང་། རོགས་རམ་ཐུབ་པ། རེ་བ་སྦྱིན་པ་བཅས་བྱེད་བཞིན་ཡོད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱིས་གོ་ལ་ཧྲིལ་པོའི་རིམས་འགོག་དམག་འཐབ་ལ་རམ་འདེགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཡ་མ་ཤུན་གྱི་ཆར་ཞོད་ནགས་གསེབ་ནས་ཨན་ནཱ་ཐོ་ལི་ཡ་ས་མཐོའི་བར་དང་། ཨེ་ཤེ་ཡ་ཤར་ལྷོ་ནས་ལྷོ་ཀའོ་ཅ་སུའོ་བར་སོགས་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་མཆེད་པའི་སྐབས་སུ། ཀྲུང་གོས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་འཛམ་གླིང་གི་དགོས