ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་ཀྲུང་གོས་ཕེང་ཕའེ་ཨའོ་སོགས་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།

2021-01-21 15:31:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོས་ཕེང་ཕའེ་ཨའོ་སོགས་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།

འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་ཨ་རིའི་སྲིད་འཚོང་པ་འགའ་ཞིག་གིས་ཆབ་སྲིད་ཀྱི་སྒེར་ཕན་དང་ཀྲུང་གོར་ཕྱོགས་ཞེན་དང་འཁོན་འཛིན་བཅངས་ཏེ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་ལ་མི་ལྟོས་པར་སྨྱོ་ཧམ་ཆེ་བའི་བྱ་སྤྱོད་རབ་དང་རིམ་པ་ཇུས་འགོད་དང་ལག་བསྟར་བྱས་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེན་བྱས་པ་དང་། ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་བཏང་བ།

ཀྲུང་གོའི་མི་དམངས་ཀྱི་བསམ་པའི་བརྩེ་དུང་ལ་ཕོག་ཐུག་བཏང་ཡོད་ལ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་གཏོར་བཤིག་ཚབས་ཆེན་བཏང་ཡོད། ཀྲུང་གོ་སྲིད་གཞུང་གི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་འགྱུར་བ་མེད། ཀྲུང་གོས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོའི་བདག་དབང་ལ་བཙན་གནོད་ཚབས་ཆེན་བྱས་པ་དང་འགན་གཙོ་བོ་ཡོད་པའི་མི་28ལ་བཀག་སྡོམ་བྱས་ཡོད། དེའི་ནང་ཐེ་རོན་ཕུའི་སྲིད་གཞུང་གི་ཕང་ཕའེ་ཨའོ་དང་། ན་ཝ་ལུའོ། ཨའོ་པུའུ་ལའེ་ཨེན། ཧྲེ་ཏ་ཝེ། པོའོ་ཐིང་ཅེ། ཨ་ཀྲ། ཁེ་ལ་ཆི། ཁེ་ལ་ཧྥུ་ཐེ། དེ་བཞིན་པོའོ་ཨར་ཏུན། པན་ནུང་སོགས་ཚུད་ཡོད། མི་དེ་དག་དང་དེ་དག་གི་ཁྱིམ་མི་ཀྲུང་གོའི་ནང་ས་དང་ཤང་ཀང་། དེ་བཞིན་ཨའོ་མོན་བཅས་ལ་ཡོང་མི་ཆོག་པ་དང་། ཁོང་ཚོ་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་ལས་ཁུངས་དག་ཀྲུང་གོ་དང་འབྲེལ་འདྲིས་དང་ཚོང་ལས་གཉེར་མི་ཆོག་པའི་གཏན་འགོག་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཕྱི་འབྲེལ་པུས་ཀྲུང་གོས་ཕེང་ཕའེ་ཨའོ་སོགས་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།

འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་ཨ་རིའི་སྲིད་འཚོང་པ་འགའ་ཞིག་གིས་ཆབ་སྲིད་ཀྱི་སྒེར་ཕན་དང་ཀྲུང་གོར་ཕྱོགས་ཞེན་དང་འཁོན་འཛིན་བཅངས་ཏེ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་ལ་མི་ལྟོས་པར་སྨྱོ་ཧམ་ཆེ་བའི་བྱ་སྤྱོད་རབ་དང་རིམ་པ་ཇུས་འགོད་དང་ལ