ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་རྒྱུགས་ལན་གྱིས་འཛམ་གླིང་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་སེམས་ཤུགས་འཕེལ་བ།

2021-01-21 15:30:00     责编:sangjzm

ཀྲུང་གོས་ཉེ་ཆར་སྤྱི་ལོ2020ལོའི་དཔལ་འབྱོར་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་སྟེ། དཔལ་འབྱོར་སྤྱི་འབོར་ཐེངས་དང་པོར་སྒོར་དུང་ཕྱུར་ཁྲི100ཡི་འགག་སྒོ་ལས་གྲོལ་བ་དང་། དེ་དུས་མཚུངས་ལས་བརྒྱ་ཆ2.3འཕར་སྣོན་བྱུང་ནས། གང་དེ་འཛམ་གླིང་ཡོངས་སུ་དཔལ་འབྱོར་དངོས་འཕར་བྱུང་བའི་དཔལ་འབྱོར་མ་ལག་ཉག་ཅིག་དེར་གྱུར་བ་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་བགྲོ་གླེང་དང་བསྔགས་བརྗོད་ཚ་ཚ་འུར་འུར་བྱས་ཡོད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཏ་ཝོ་སི་སིའི་གྲོས་རིམ་གྱི་བགྲོ་གླེང་གྲོས་ཚོགས་སྐོང་འཚོགས་བྱེད་ལ་ཉེ་བ་དང་། འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་ཏེ་རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་སླར་གསོ་བྱེད་པའི་ཐབས་ཇུས་འཚོལ་ཞིབ་བྱེད་པའི་སྐབས་འདིར། ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་དཔལ་འབྱོར་ལ་ཡིད་ཆེས་བསྣན་པ་དང་། འཛམ་གླིང་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཐུབ་རྒྱུར་སེམས་ཤུགས་འཕེལ་ཡོད།

རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས། ཀྲུང་གོས་ཁོར་ཡུག་ཆེས་ངན་པའི་འོག་རྒྱུགས་ལན་ཡག་པོ་ཕུལ་ཐུབ་པ་དང་། ཚབས་ཆེའི་འགོ་ནད་ཞིག་གིས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཉམས་རྒུད་དུ་སོང་བའི་ལོ་གཅིག་གི་ནང་ཀྲུང་གོ་ནི་ཆེས་རྩེར་སོན་དེར་གྱུར་བའི་ངོས་འཛིན་བྱས་ཡོད། པོ་ཧྲི་ཏུན་བློ་འདྲིའི་འཛམ་གླིང་ཧྲིལ་པོའི་ཀྲུའུ་ཞི་པོ་ཁེ་ན་ཡིས། ཀྲུང་གོའི་དཔལ་འབྱོར་Vརྣམ་པའི་ལྡོག་འཕར་བྱུང་བ་ནི་བསམ་ཡུལ་ལས་འདས་པ་ཞིག་མིན་ལ། དེ་བས་ཀྱང་ལམ་འགྲོ་རྒྱུག་པར་བརྟེན་པ་ཞིག་ཀྱང་མིན་པར། གང་དེའི་ཐོག་ཀྲུང་གོའི་མི་དམངས་དང་། ཀྲུང་གོའི་ཁེ་ལས། སྲིད་གཞུང་སྡེ་ཁག་བཅས་ཀྱི་དཀའ་སྤྱད་འབད་འཐབ་བྱས་པ་གཅིག་ཏུ་བསྡུས་ཡོད་ཅེས་གསུངས་པ་རེད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྟ་ཞིབ་བྱས་འབྲས་ལས། ཀྲུང་གོའི་དཔལ་འབྱོར་ལས་སྲ་བརྟན་རང་བཞིན་དང་གསོན་ཤུགས་ཆེན་པོ་མངོན་པའི་འགག་རྩ་ནི། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཅིག་གྱུར་འཆར་འགོད་ནུས་ལྡན་ཐུབ་པས་རེད། དེས་ཀྱང་འཛམ་གླིང་ཡོངས་ཀྱིས་རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་སྲུང་སྐྱོབ་བྱ་རྒྱུར་ཉམས་མྱོང་གལ་ཆེན་མཁོ་འདོན་བྱས་ཡོད། འཛམ་གླིང་ཀུན་གྱི་མཐོང་ཆོས་སུ་གྱུར་བར། ཀྲུང་གོས་མི་དམངས་རྩ་བའི་རྩེ་ལ་བཀུར་བ་དང་། ཚེ་སྲོག་གོང་མའི་གོང་དུ་བཀུར་བ་དང་། བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཀྱི་ཐོག་ནས། རྒྱལ་ཡོངས་ཀྱི་རིམས་འགོག་དམག་འཐབ་ལ་གལ་ཆེའི་འཐབ་ཇུས་ཀྱི་གྲུབ་འབྲས་བླངས་པ་མ་ཟད། དེའི་རྨང་གཞིའི་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོར་དམ་འཛིན་བྱས་པའི་ངོས་འཛིན་གནང་ཡོད།

ཕེང་པོ་གསར་འགྱུར་ཁང་གིས་གསར་འགྱུར་སྤེལ་ནས། ཀྲུང་གོའི་དཔལ་འབྱོར་ལ་Vརྣམ་པའི་སླར་གསོའི་རྣམ་པ་མངོན་པ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་པོ་ཐུབ་པ་དང་། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཀྱིས་རྨང་གཞིའི་སྒྲིག་ཆས་ལ་མ་འཇོག་བྱ་རྒྱུར་སྐུལ་ཁྲིད་ཐུབ་པའི་མཇུག་འབྲས་ཡིན་པའི་ངོས་འཛིན་བྱས་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱི་རིགས་གཅིག་མཁས་པས། ཀྲུང་གོའི་ལག་ལེན་ལས། ནུས་ལྡན་གྱི་བྱ་ཐབས་བཟུང་ནས་རིམས་ནད་ཚོད་འཛིན་བྱས་ཚེ་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་སྐུལ་འདེད་ཐེབས་སྲིད་པ་དང་། རྒྱལ་ཁབ་གཞན་ནས་ཀྱང་དཔྱད་གཞིར་འཛིན་རྒྱུའི་གལ་ཆེའི་རིན་ཐང་ཆེན་པོ་ཡོད་ཅེས་ནན་སྟོན་གནང་ཡོད།

འཛམ་གླིང་དཔལ་འབྱོར་ཁྲོད་མཉམ་འདྲེས་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་འགྲོ་དགོས་ཚེ། འཛམ་གླིང་གི་ཁྲོམ་རའི་འདུ་ལོང་ཁྲོད་ཞུགས་ཐུབ་པ་བྱེད་དགོས་ཞེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ2017ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བརྗོད་དོན་གཙོ་བོའི་གསུང་བཤད་ལ་ཕྱིར་དྲན་ཞུ་སྐབས། ཀྲུང་གོའི་སྤྱི་ལོ2020ལོའི་དཔལ་འབྱོར་གྲུབ་འབྲས་ཀྱིས་འཛམ་གླིང་གི་བློ་སྒོ་འབྱེད་པར་གོ་བ་དེ་བས་ཡང་དག་པ་ལེན་ཐུབ། སྤྱི་ལོ2021ལོར་རྒྱང་ལྟ་བྱེད་སྐབས། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་བརྟན་པོའི་ངང་སླར་གསོ་ཐུབ་རྒྱུ་དེར་རྨང་གཞི་དང་མཐུན་རྐྱེན་ཡོད་པ་ཞིག་ཡིན་པས། དེས་འཛམ་གླིང་དཔལ་འབྱོར་སླར་གསོ་གོང་འཕེལ་ཐུབ་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད། ཀྲུང་གོས་མུ་མཐུད་གསར་གཏོད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་བྱ་རྒྱུར་སྐུལ་འདེད་བཏང་བ་སོགས་ཀྱི་བྱ་ཐབས་ལས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ལ་སེམས་ཤུགས་ཀྱིས་ཁེངས་པར་གྱུར་ཡོད། དཔལ་འབྱོར་མཉམ་ལས་དང་གོང་འཕེལ་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པར། ད་ལོ་ཀྲུང་གོས་འཛམ་གླིང་དཔལ་འབྱོར་འཕན་སྣོན་ལ་ལེགས་སྐྱེས་ཕུལ་ཚད་1/3ལས་བརྒལ་རྒྱུ་ཡིན་པ་བསྟན་ཡོད།

ལྗར་པན་དཔལ་འབྱོར་གསར་འགྱུར་གྱིས་ཉེ་དུས་གསར་འགྱུར་སྤེལ་ནས། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་བྱུང་བའི་རྐྱེན་གྱིས། ཁྲོམ་རའི་དགོས་མཁོ་ཆེན་པོ་ལྗར་པན་ཁེ་ལས་ཀྱི་དེ་སྔའི་སྔོན་དཔག་ལས་བརྒལ་བ་དང་། ལྗར་པན་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་ཉེ་དུས་བསྟུར་མར་སྔོན་དཔག་མཐོ་རུ་བཏང་བ་བསྟན་ཡོད།

མེ་ཏོག་སྣ་གཅིག་བཞད་ན་དཔྱིད་ཀ་མིན། མེ་ཏོག་སྣ་བརྒྱ་བཞད་པས་དཔྱིད་གཞུང་མཛེས། སྒོ་དབྱེའི་ཁྲོད་གོ་སྐབས་གཏོད་པ་དང་། མཉམ་ལས་ཀྱི་ཁྲོད་དཀའ་གནད་སེལ་རྒྱུ་ནི་ཡང་དག་པའི་གདམ་ག་དེ་རེད། རྒྱང་སྐྱོད་གསར་པ་བྱེད་འགོ་ཚུགས་པའི་ཀྲུང་གོས། གོང་འཕེལ་གྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་པ་དང་། ཁྲོམ་རའི་མི་མངོན་པའི་ནུས་པ་སྐུལ་སྤེལ་གང་ལེགས་བྱེད་པ། སྒོ་དབྱེའི་སྒོ་མོ་སྔར་བས་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་བཞིན་ཡོད་པས། དེས་འཛམ་གླིང་ལ་གོང་འཕེལ་གྱི་གོ་སྐབས་ཟམ་མི་ཆད་པ་གཏོད་སྲིད་ལ། རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་རྒྱལ་སྔར་ལས་ལྷག་པ་མངོན་འགྱུར་ཡོང་ཐུབ། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་དཀའ་སྡུག་མཉམ་སེལ་དང་མཐུན་སྒྲིལ་མཉམ་ལས་བྱས་ཚེ། འཛམ་གླིང་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་གང་མགྱོགས་རིམས་ནད་ཀྱི་རྦ་ཀློང་ལས་སྒྲོལ་ཏེ། ཐུན་མོང་གོང་འཕེལ་དང་དར་རྒྱས་ཀྱི་དཔྱིད་དཔལ་བསུ་བར་བསྐྱོད་ཐུབ་ངེས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཀྲུང་གོའི་རྒྱུགས་ལན་གྱིས་འཛམ་གླིང་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་སེམས་ཤུགས་འཕེལ་བ།

ཀྲུང་གོས་ཉེ་ཆར་སྤྱི་ལོ2020ལོའི་དཔལ་འབྱོར་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་སྟེ། དཔལ་འབྱོར་སྤྱི་འབོར་ཐེངས་དང་པོར་སྒོར་དུང་ཕྱུར་ཁྲི100ཡི་འགག་སྒོ་ལས་གྲོལ་བ་དང་། དེ་དུས་མཚུངས་ལས་བརྒྱ་ཆ2.3འཕར་སྣོན་བྱུང་ནས། གང་དེ་འཛམ་གླིང་ཡོངས་སུ་དཔལ་འབྱོར་དངོས་འཕར་བྱུང་བའི་དཔལ་འབྱོར་མ་ལག་ཉག་ཅིག་དེར་ག