ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

པའེ་ཏིན་གྱིས་སྲིད་འཛིན་བཀའ་རྒྱའི་སྟེང་མིང་རྟགས་བཀོད་ནས་ཨ་རི་ཡང་བསྐྱར《པ་ལི་གྲོས་ཆོད》ནང་ཞུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

2021-01-21 11:05:00     责编:sangjzm

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཙུང་ཐུང་པའེ་ཏིན་གྱིས་ཚེས20ཉིན་སྲིད་འཛིན་བཀའ་རྒྱའི་སྟེང་མིང་རྟགས་བཀོད་ནས་ཨ་རི་ཡང་བསྐྱར《པ་ལི་གྲོས་ཆོད》ནང་ཞུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

པའེ་ཏིན་གྱིས་ཉིན་དེའི་ཕྱི་དྲོར་ཕོ་བྲང་དཀར་པོའི་འཇོང་དབྱིབས་གཞུང་ལས་ཁང་དུ་སྲིད་འཛིན་བཀའ་རྒྱའི་སྟེང་མིང་རྟགས་བཀོད། པའེ་ཏིན་གྱིས་མིང་རྟགས་མ་བཀོད་པའི་སྔོན་ལ་ཨ་རིས་ད་བར་དུ་བཀོལ་མ་མྱོང་བའི་བྱེད་ཐབས་བཀོལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བསྟན།

ཨ་རིའི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལང་ཕུའུ་ཡིས2017ལོའི་ཟླ6པའི་ནང་ཨ་རི《པ་ལི་གྲོས་ཆོད》ལས་ཕྱིར་འཐེན་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། 2020ལོའི་ཟླ11པའི་ཚེས4ཉིན་དངོས་སུ་གྲོས་ཆོད་དེ་ལས་ཕྱིར་འཐེན་བྱས། བྱེད་སྟངས་དེར་ཨ་རི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་ཆེན་པོ་བྱས་པ་རེད། །

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有