ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་དཔལ་འབྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེས་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་འགྱུར་བ།

2021-01-20 15:40:00     责编:sangjzm

ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ལོ་2020ལོར་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐེངས་དང་པོར་སྒོར་དུང་ཕྱུར་ཁྲི་100ལས་བརྒལ་ཡོད་པ་རེད། བསྡུར་ཆོག་པའི་རིན་གོང་ལ་གཞིགས་ནས་རྩིས་བརྒྱབ་ན། ལོ་གོང་མ་ལས་བརྒྱ་ཆ་2.3འཕར་ཡོད། ཕྱི་རྒྱལ་གྱི་ལྟ་ཞིབ་མི་སྣ་དང་གསར་འགྱུར་ཚན་པས། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག ཀྲུང་གོས་དཔལ་འབྱོར་སླར་གསོ་མངོན་འགྱུར་ཡོང་རྒྱུའི་ཐད་སྔོན་ལ་གཡུར་ཟའི་གྲུབ་འབྲས་བཏོད་ནས། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུའི་ཐད་ཕན་ཁེ་དང་སེམས་ཤུགས་སྤྲད་ཡོད།

ཕྱི་རྒྱལ་གྱི་ལྟ་ཞིབ་མི་སྣས་བལྟས་ན། དེ་ནི་ལེགས་སྒྲུབ་ལྡན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་གནད་འཕིགས་ཇུས་འདོན་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། ཀྲུང་གོར་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་དངོས་གནས་ལས་སླ་པོ་ཞིག་མ་རེད། ཛ་དྲག་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་དང་། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་གསིག་ཚབས་ཆེན་བྱུང་བའི་འོག ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་འགྱུར་འཆར་འགོད་བྱས་ནས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་འབེན་ལས་འགན་གཙོ་བོ་ལེགས་སྒྲུབ་བྱེད་ཚད་སྔོན་དཔག་ལས་ཡག་པ་བྱུང་ཡོད་པ་རེད།

ཨའོ་སི་ཁྲུའུ་ལི་ཡའི་གཙོ་རྒྱུན་སྨྱན་སྦྱོར་༼ཨའོ་སི་ཁྲུའུ་ལི་ཡ་བའི་ཚགས་པར་༽ཞེས་པའི་ཐོག ཀྲུང་གོའི་དཔལ་འབྱོར་ལ་འཕར་སྣོན་བྱུང་བ་དེས་ཀྲུང་གོས་རིམས་ནད་ཚོད་འཛིན་བྱེད་པའི་ཐད་ལེགས་སྒྲུབ་བྱུང་བ་མངོན་གྱི་ཡོད་ཅེས་བཤད་ཡོད།

ལྷོ་ཁོ་རེ་ཡའི་ཀྲུང་གོའི་དཔལ་འབྱོར་དངུལ་རྩ་ཞིབ་འཇུག་ཁང་གི་འགོ་འཛིན་ཆོན་པིང་རུས་ཀྱིས། ཀྲུང་གོའི་སྲིད་གཞུང་གིས་དཔལ་འབྱོར་སྙོམས་སྒྲིག་བྱས་པའི་ཁ་ཕྱོགས་ཡང་དག་ཡིན་ལ། དུས་སྐབས་དང་ཏག་ཏག་འཁེལ་ཡོད་པས། དེ་ནི་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་འགྲོ་བའི་འགག་རྩ་ཡིན་ཞེས་བཤད་ཡོད་པ་རེད།

ལྗར་པན་ཅ་ནེང་འཛམ་གླིང་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་ཀྲུའུ་རིན་ལའེ་ཁའུ་ཆིང་ཀྲིས། རིམས་ནད་ཀྱི་ལོར་དཔལ་འབྱོར་འཕར་ཚད་བརྒྱ་ཆ་2.3ཟིན་པ་ནི་གྲུབ་འབྲས་བཟང་པོ་ཞིག་ཡིན། གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་ཐོག་མར་ཀྲུང་གོའི་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོས་བྱ་སྤྱོད་བཟུང་ནས་དུས་ཐོག་ཏུ་རིམས་ནད་འགོག་བཅོས་ཐུབ་པ་དང་། གཉིས་པ། ཀྲུང་གོའི་སྲིད་གཞུང་གིས་ནོར་སྲིད་དང་དངུལ་རྩའི་བྱ་ཐབས་རབ་དང་རིམ་པ་བཟུང་ནས། དེའི་ནང་ཕྱི་རྒྱལ་ཁེ་ལས་ཚུད་པའི་ཁེ་ལས་ཆ་ཚང་མགྱོགས་མྱུར་སྒོ་ནས་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རོགས་རམ་བྱས་པ་མ་ཟད། ཉམས་ཞན་མི་ཚོགས་དཀའ་ངལ་ལས་སྒྲོལ་རྒྱུར་རོགས་རམ་བྱས་པ་ལས་བྱུང་བ་ཡིན་ཞེས་བཤད་ཡོད།

སྤྱི་ལོ་2020ལོར་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་100ལས་བརྒལ་ཡོད་པ་དང་། དེས་ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཕྱོགས་བསྡུས་རྒྱལ་ཤུགས་དེ་གཉིས་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པ་མཚོན་གྱི་ཡོད། དེ་དང་ཆབས་ཅིག ཀྲུང་གོས་སྔ་བར་ཕྱི་གསུམ་དུ་གོང་འཕེལ་གྱི་འདུ་ཤེས་གསར་པ་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། དཔལ་འབྱོར་འཕར་སྣོན་གྱི་སྤུས་ཚད་དང་ནུས་འབྲས་རིམ་བཞིན་མཐོ་རུ་ཕྱིན་ནས། གསར་གཏོད་ཀྱི་འགུལ་ཤུགས་ཨང་དང་པོ་མུ་མཐུད་ཤུགས་ཆེར་གཏོང་བཞིན་ཡོད།

འཇར་མན་པའོ་མ་ཚོགས་པའི་ཀྲུང་གོའི་ཁུལ་གྱི་སྤྱི་འདོམས་པ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཀའོ་ལེས། སྤྱི་ལོ་2020ལོར་ཀྲུང་གོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སླར་གསོ་བྱེད་པའི་ཐད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། ཉེན་ཁའི་མདུན་དུ་སྟོབས་ཆེའི་མཉེན་ཤུགས་མངོན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཆེའི་མཉེན་ཤུགས་དང་། འཛད་སྤྱོད་རིམ་འཕར་འགྲོ་བའི་འཕེལ་ཕྱོགས། དེ་བཞིན་ཀྲུང་གོས་གློག་འགུལ་ཅན་དང་གྲངས་གཞི་ཅན་གྱི་ཁྱབ་ཁོངས་ཀྱི་གསར་གཏོད་བཅས་ཀྱིས་ང་ཚོར་ཀྲུང་གོའི་ཁྲོམ་རར་འཛིན་པའི་དུས་ཡུན་འབྲིང་རིང་གི་གོང་འཕེལ་ལ་སེམས་ཤུགས་ཆེན་པོ་སྤྲད་ཡོད་ཅེས་བསྟན་ཡོད།

དབྱིན་ཇིའི་རྒྱལ་ཁབ་དཔལ་འབྱོར་སྤྱི་ཚོགས་ཞིབ་འཇུག་ཁང་གི་དབུ་བཞུགས་དཔལ་འབྱོར་རིགས་གཅིག་མཁས་ཅན་མའོ་ཤུས་ཤིན་གྱིས། སྤྱི་ལོ་2020ལོའི་དུས་ཚིགས་གཉིས་པ་ནས་འགོ་ཚུགས་ནས། ཀྲུང་གོའི་དཔལ་འབྱོར་སླར་གསོ་ཡོང་བའི་གཙོ་བོའི་འགུལ་ཤུགས་ཕྱོགས་གསུམ་གྱི་ཐད་ནས་མངོན་ཡོད་པ་སྟེ། གཅིག་ནི་བཟོ་ལས་ཐོན་སྐྱེད་འཕར་སྣོན་ཕྱིན་པ། གཉིས་ནི་འཛམ་གླིང་ཧྲིལ་པོའི་སྨན་བཅོས་དང་གློག་རྡུལ་ཐོན་རྫས་ཀྱི་དགོས་མཁོ་ཆེན་པོ་ཡོད་པས་ཀྲུང་གོའི་ཕྱིར་གཏོང་མུ་མཐུད་ཤུགས་ཆེར་ཕྱིན་པ། གསུམ་ནི་ཚོང་ལས་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་ནས། བཟོ་ལས་དང་ཞབས་ཞུའི་ལས་རིགས་མུ་མཐུད་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་ངོས་འཛིན་བྱས་ཡོད།

ཕྱི་རྒྱལ་གྱི་ལྟ་ཞིབ་མི་སྣས། ཀྲུང་གོར་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་དེས་འཛམ་གླིང་ཧྲིལ་པོའི་སེམས་ཤུགས་འཕེལ་བར་བྱས་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི་རྒྱབ་ལྗོངས་འོག ཀྲུང་གོའི་དཔལ་འབྱོར་ལ་སྔོན་ལ་སླར་གསོ་བྱུང་བ་དེར་དོན་སྙིང་ཆེན་པོ་ལྡན་ཡོད་པ་དང་། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་ལ་ཡང་དེས་རྐྱེན་པས་འགུལ་ནུས་གསར་པ་ཐོབ་རྒྱུ་རེད་ཅེས་ཡོངས་ཁྱབ་ཐོག་ངོས་འཛིན་བྱས་ཡོད།

ཧྭ་ཧྲེང་ཏུན་སྦྲགས་སྲིད་ཚགས་པར་གྱིས་ཨ་རིའི་ཁང་ནའེ་འར་སློབ་ཆེན་གྱིས་ཉོ་ཚོང་སྲིད་ཇུས་ཀྱི་དགེ་རྒན་ཆེན་མོ་བ་ཕུ་ལ་སེ་ཏེའི་སྐད་ཆ་ལུང་དུ་དྲངས་ནས། ཀྲུང་གོས་འབུར་ཐོན་གྱི་སྦྱངས་འབྲས་ཐོག་ནས། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་གྱི་འགུལ་བྱེད་འཕྲུལ་འཁོར་ལྟ་བུའི་གནས་བབ་གལ་ཆེན་སྲ་བརྟན་དུ་བཏང་ཡོད་ཅེས་གནས་ཚུལ་འགོས་སྤེལ་བྱས་ཡོད།

ཨའོ་སི་ཁྲུའུ་ལི་ཡའི་དངུལ་རྩའི་དཔྱད་བརྗོད་ཚགས་པར་ཐོག སྤྱི་ལོ་2020ལོའི་དུས་ཚིགས་བཞི་པའི་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་སྒོ་ནས་འཕར་སྣོན་ཕྱིན་པ་དང་། འཕར་ཚད་བརྒྱ་ཆ་6.5ཟིན་ཞིང་། སྤྱི་ལོ་2020ལོར་ཨེ་ཤེ་ཡའི་ས་ཁོངས་དཔལ་འབྱོར་སླར་གསོ་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་འཁོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཀྲུང་གོའི་དཔལ་འབྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེས་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་འགྱུར་བ།

ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ལོ་2020ལོར་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐེངས་དང་པོར་སྒོར་དུང་ཕྱུར་ཁྲི་100ལས་བརྒལ་ཡོད་པ་རེད། བསྡུར་ཆོག་པའི་རིན་གོང་ལ་གཞིགས་ནས་རྩིས་བརྒྱབ་ན། ལོ་གོང་མ་ལས་བརྒྱ་ཆ་