ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་ཉེའུ་ཡོག་གྲོང་ཁྱེར་གྱི་གྲོང་སྤྱིས་ཉེའུ་ཡོག་གྲོང་ཁྱེར་གྱིས་གཟའ་འཁོར་འདིའི་ནང་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཚང་མ་བརྒྱབ་ཚར་བ་བྱ་རྒྱུ་ཡིན་ཞེས་བསྟན་པ།

2021-01-20 15:10:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་བྱེ་བ་དགུ་དང་ས་ཡ་བཞི་དང་ཆིག་འབུམ་ཉིས་ཁྲི་4612ཟིན་ཡོད་པ་དང་། ཚེ་འདས་ནད་པ་ས་ཡ་གཉིས་དང་སུམ་ཁྲི་4527ཟིན་ཡོད་པ་རེད།

ཨ་རིའི་བྱིས་པའི་སློབ་ཚོགས་ཀྱིས་སྙན་ཞུ་གསར་ཤོས་ལ་གཞིགས་ན། སྤྱི་ཟླ་1ཚེས་14ཉིན་བར་སླེབས་དུས། ཨ་རིར་བྱིས་པ་ས་ཡ་གཉིས་དང་ལྔ་འབུམ་ཙམ་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་ཡོད་པ་རེད།

ཨ་རིའི་ཉེའུ་ཡོག་གྲོང་ཁྱེར་གྱི་གྲོང་སྤྱིས་སྤྱི་ཚེས་19ཉིན། ཉེའུ་ཡོག་གྲོང་ཁྱེར་གྱིས་གཟའ་འཁོར་དེའི་ནང་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཆ་ཚང་བརྒྱབ་ཚར་བ་བྱ་རྒྱུ་ཡིན་པ་རེད། ཉེའུ་ཡོག་གྲོང་ཁྱེར་གྱི་གཟའ་འཁོར་འདིའི་དམིགས་འབེན་ནི་མི་སུམ་འབུམ་ལ་རིམས་འགོག་སྨན་རྒྱག་རྒྱུ་ཡིན་པ་དང་། ཡིན་ནའང་མིག་སྔར་བེད་སྤྱོད་བྱ་ཆོག་པའི་རིམས་འགོག་སྨན་དགུ་ཁྲི་ཉིས་སྟོང་ལས་མེད། གལ་ཏེ་ཉེའུ་ཡོག་མངའ་སྡེར་རིམས་འགོག་སྨན་ཁ་སྣོན་སྔར་ལས་མང་བ་བྱ་མི་ཐུབ་ཚེ། རིམས་འགོག་སྨན་རྒྱག་སའི་ས་ཆའི་སྒོ་རྒྱག་རྒྱུ་ཡིན་པ་མ་ཟད་སྤྱི་ཚེས་21ཉིན་རྗེས་ཀྱི་སྔོན་མངགས་ཆ་ཚང་མེད་པ་བཟོ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཨ་རིའི་ཉེའུ་ཡོག་གྲོང་ཁྱེར་གྱི་གྲོང་སྤྱིས་ཉེའུ་ཡོག་གྲོང་ཁྱེར་གྱིས་གཟའ་འཁོར་འདིའི་ནང་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཚང་མ་བརྒྱབ་ཚར་བ་བྱ་རྒྱུ་ཡིན་ཞེས་བསྟན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་བྱེ་བ་དགུ་དང་ས་ཡ་བཞི་དང་ཆིག་འབུམ་ཉིས་ཁྲི་4612ཟིན་ཡོད་པ་དང་། ཚེ་འདས་ནད་པ་ས་ཡ་གཉིས་དང་སུམ་ཁྲི་