ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡོ་རོབ་མནའ་འབྲེལ་མཁའ་འགྲུལ་བདེ་འཇགས་ཅུས་ཀྱིས་པོ་དབྱིན་737MAXརིགས་འབྲེལ་མཁའ་འགྲུལ་གནམ་གྲུ་ཡོ་རོབ་མནའ་འབྲེལ་དུ་འཕུར་སྐྱོད་སླར་གསོ་བྱེད་དུ་བཅུག་པ།

2021-01-20 14:34:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཡོ་རོབ་མནའ་འབྲེལ་མཁའ་འགྲུལ་བདེ་འཇགས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་སྤྱི་ཚེས་19ཉིན། ཡོ་རོབ་མནའ་འབྲེལ་མཁའ་འགྲུལ་བདེ་འཇགས་ཅུས་ཀྱིས་གནམ་གྲུ་ཚོད་ལྟ་འཕུར་སྐྱོད་ཀྱི་བཀའ་རྒྱ་བཏང་ནས། པོ་དབྱིན་737MAXརིགས་འབྲེལ་མཁའ་འགྲུལ་གནམ་གྲུ་ཟླ་བ་1པོའི་གཟའ་འཁོར་མཇུག་ཤོས་ནས་འགོ་ཚུགས་ཏེ་ཡོ་རོབ་མནའ་འབྲེལ་དུ་འཕུར་སྐྱོད་སླར་གསོ་བྱ་རྒྱུར་ཆོག་མཆན་སྤྲད་ཡོད་ཅེས་བསྟན་ཡོད། པོ་དབྱིན་737MAXརིགས་འབྲེལ་མཁའ་འགྲུལ་གནམ་གྲུ་འཕུར་སྐྱོད་སླར་གསོ་བྱ་རྒྱུའི་ཐད། ཡོ་རོབ་གླིང་གི་གླེང་ཕྱོགས་ནས་གཟབ་ནན་བབ་ལྟ་ཡི་རྣམ་འགྱུར་འཛིན་ཡོད། ཡོ་རོབ་གླིང་གི་སྨྱན་སྦྱོར་ཁག་གཅིག་གིས། པོ་དབྱིན་737MAXརིགས་འབྲེལ་མཁའ་འགྲུལ་གནམ་གྲུ་སྡོད་དགོས་པ་ཤེས་རྗེས། འགྲུལ་པར་རང་ཉིད་ནས་གནམ་གྲུ་དེར་མི་སྡོད་འདོད་མེད་པ་མ་ཟད་གནམ་གྲུའི་པ་སེའི་དངུལ་ཕྱིར་ལོག་བྱེད་དགོས་པའི་རེ་བ་བཏོན་དབང་ཡོད་མེད་དེ། དུས་མཚམས་རྗེས་མའི་རྩོད་གཞིར་འགྱུར་སྲིད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

中央广播电视总台 央广网 版权所有

ཡོ་རོབ་མནའ་འབྲེལ་མཁའ་འགྲུལ་བདེ་འཇགས་ཅུས་ཀྱིས་པོ་དབྱིན་737MAXརིགས་འབྲེལ་མཁའ་འགྲུལ་གནམ་གྲུ་ཡོ་རོབ་མནའ་འབྲེལ་དུ་འཕུར་སྐྱོད་སླར་གསོ་བྱེད་དུ་བཅུག་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཡོ་རོབ་མནའ་འབྲེལ་མཁའ་འགྲུལ་བདེ་འཇགས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་སྤྱི་ཚེས་19ཉིན། ཡོ་རོབ་མནའ་འབྲེལ་མཁའ་འགྲུལ་བདེ་འཇགས་ཅུས་ཀྱིས་གནམ་གྲུ་ཚོད་ལྟ་འཕུར་སྐྱོད་ཀྱི་བཀའ་རྒྱ་བཏང་ནས། པོ་དབྱིན་737MAXརིགས་འབྲེལ་མཁའ་འགྲུལ་གནམ་གྲུ་ཟླ་བ་