ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་ཀྲུང་གོ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་གྱི་ལག་བསྟར་འཆར་གཞི་ཞེས་པའི་ནང་ཞུགས་པར་དགའ་བསུ་ཞུས་པ།

2020-10-12 09:34:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་11ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག ཀྲུང་གོ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ལག་བསྟར་འཆར་གཞི(COVAX)ཞེས་པའི་ནང་ཞུགས་པར་དགའ་བསུ་ཞུས་ཡོད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དམིགས་ཚད་གཅིག་མཚུངས་ཡིན་པ་དང་། ཕྱོགས་མང་རིང་ལུགས་ནི་རིམས་འགོག་སྨན་གྱིས་གོ་ལ་ཧྲིལ་པོའི་ས་ཆ་ཚང་མར་ཕན་པ་ཐོབ་པ་དང་དགོས་མཁོ་ཡོད་པའི་མི་ཚང་མར་རིམས་འགོག་སྨན་བེད་སྤྱོད་གཏོང་ཐུབ་པ་བྱེད་པའི་འགག་རྩ་དེ་རེད། ཉིན་དེ་རང་ལ་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་སྐུ་ཚབ་པོ་ལེ་ལིས་ཀྱིས་ཀྱང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཀྲུང་གོའི་གཏན་འབེབས་ལ་ཁས་ལེན་གང་ལེགས་གནང་ནས། གོ་ལ་ཧྲིལ་པོའི་འབད་བརྩོན་དང་ཁས་ལེན་ལ་བརྟེན་ཚེ་གཞི་ནས་ཏོག་གསར་གློ་ཚད་རིམས་ནད་དང་འཐབ་རྩོད་བྱེད་པར་རྒྱལ་ཁ་ཐོབ་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

སྤྱི་ལོ་2020ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཁོང་ལ་ཐོབ་འདུག

སྤྱི་ལོ་1901ལོར་སྐབས་དང་པོའི་ནོ་པེར་རྩོམ་རིག་བྱ་དགའ་ཧྥ་རན་སིའི་རྩོམ་པ་པོ་སུའུ་ལི·ཧྥུ་ལུ་ཏོ་མོར་སྤྲད་པ་ནས། ད་ཕན་ལོ་120ཙམ་འདས་ཡོད།

中央广播电视总台 央广网 版权所有

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་ཀྲུང་གོ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་གྱི་ལག་བསྟར་འཆར་གཞི་ཞེས་པའི་ནང་ཞུགས་པར་དགའ་བསུ་ཞུས་པ།

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་11ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག ཀྲུང་གོ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ལག་བསྟར་འཆར་གཞི(COVAX)ཞེས་པའི་ནང་ཞུགས་པར་དགའ་བསུ་ཞུས་ཡོད།