ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་མི་སྣས་ཞི་ཅིན་ཕིང་གིས་འཇར་མན་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣ་དང་ཐུག་འཕྲད་གནང་བར་གདེང་འཇོག་གང་ལེགས་བྱས་པ།

2020-09-16 16:29:00     责编:sangjzm

གོ་ལ་ཧྲིལ་པོ་ཅན་གྱི་འགྲན་རྩོད་ལ་ཁ་གཏད་བཅག་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་སྟེ། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་མི་སྣས་ཞི་ཅིན་ཕིང་གིས་འཇར་མན་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣ་དང་ཐུག་འཕྲད་གནང་བར་གདེང་འཇོག་གང་ལེགས་བྱས་པ།

སྤྱི་ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤིར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་བཅས་དང་བརྙན་མཐོང་རྣམ་པའི་ཐོག་ནས་ཐུན་མོང་ཐོག་མཇལ་མོལ་གནང་ཡོད། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་མི་སྣས། ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་འགོས་ཁྱབ་ཆེན་པོ་འགྲོ་བཞིན་པ་དང་། ཕྱོགས་རྐྱང་པའི་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་དབང་བྱ་སྤྱོད་བཅས་ཐོན་པའི་མིག་སྔའི་དུས་བབ་འོག ད་ཐེངས་ཀྱི་ཐུག་འཕྲད་དེས་ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་མཐུན་སྒྲིལ་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུ་དང་། གོ་ལ་ཧྲིལ་པོ་ཅན་གྱི་འགྲན་རྩོད་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ། ཕྱོགས་གཉིས་པོའི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་ཡོད།

ཧྥ་རན་སེའི་ཞི་ལེ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། མཐུན་སྒྲིལ་གསར་པ་ཞེས་པའི་ཚགས་པར་གྱི་གཙོ་འགན་རྩོམ་སྒྲིག་པ་པི་ཨའེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུག་འཕྲད་གནང་སྐབས་བཏོན་གནང་བའི་རྒྱུན་འཁྱོངས་བཞི་ཞེས་པ་དོན་དངོས་དང་མཐུན་ཞིང་སྟངས་འཛིན་ཡིན་པས། ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་བརྡ་འཕྲིན་ཡང་བཏང་ཡོད། འཛམ་གླིང་གི་སྟོབས་ཤུགས་ཆེན་པོ་གཉིས་ཡིན་པའི་ངོས་ནས། ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་པོས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ནས་ཞིབ་ཕྲའི་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད་པའི་ཐོག་ནས། ཕྱོགས་མང་མཉམ་ལས་ནི་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཞིག་ཡིན་པ་གང་ལེགས་མཚོན་ཡོད་པའི་ངོས་འཛིན་གནང་ཡོད།

དབྱི་ཐ་ལིའི་འཛམ་གླིང་གི་ཀྲུང་གོ་ཞེས་པའི་དུས་དེབ་ཁང་གི་འགོ་འཛིན་ཧུའུ་ལན་པོ་ཡིས། ད་ཐེངས་ཀྱི་ཐུག་འཕྲད་དེ་ནི་ཕྱོགས་མང་རིང་ལུགས་ལ་གཏོར་བཤིག་ཕོག་པའི་སྐབས་སུ་གནང་བས་དོན་སྙིང་དེ་བས་ཆེན་པོ་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རྒྱུན་འཁྱོངས་བཞི་ཞེས་པའི་ཐོག་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་དེ་དམངས་སེམས་དང་མཐུན་པ་དང་། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་པ་མཚོན་ཡོད། ཤེས་དཔལ་གྱི་སྟོབས་ཤུགས་ལ་བརྟེན་པ་དང་། མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱེད་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ནས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་ཕན་ཐོགས་ཡོང་ངེས་རེད་ཅེས་གསུངས་ཡོད།

ཀེ་རི་སེའི་ཡོ་རོབ་ཞིབ་འཇུག་རྒྱལ་སྤྱིའི་ལྟེ་གནས་ཀྱི་ཡོ་རོབ་དང་ཀྲུང་གོའི་རྣམ་གྲངས་ཀྱི་འགན་འཁུར་བ་ཚོ་ཀོ་ཕུའུ་ལུའོ་སིས། ད་ཐེངས་ཀྱི་ཐུག་འཕྲད་ཀྱི་གྲུབ་འབྲས་ཆེ་ཤོས་ནི་ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་པོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཐུན་སྒྲིལ་མཉམ་ལས་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པའི་འགྱུར་མེད་ཀྱི་ཆོད་སེམས་དང་བྱ་སྤྱོད་སྤེལ་ཤུགས་ཁྱབ་བསྒྲགས་བྱས་པ་དེ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱུན་འཁྱོངས་བཞིའི་དགོངས་ཚུལ་ལ་ཡོ་རོབ་ཀྱི་ཕྱོགས་ཁག་གི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་པོས་མཐུན་སྒྲིལ་བྱས་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་ལ་ཁ་གཏད་གཅོག་པ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལ་འགོག་རྒོལ་དང་། དཔལ་འབྱོར་སླར་གསོ། དྲང་བདེན་སྲུང་སྐྱོང་བཅས་བྱེད་རྒྱུར་སྒུལ་ཤུགས་གལ་ཆེན་སྣོན་རྒྱུ་རེད་ཅེས་གསུངས་ཡོད།

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཁང་གི་གྲོས་མི། འཇར་མན་དང་ཀྲུང་གོའི་གྲོས་མིའི་ཚོགས་ཆུང་གི་ཀྲུའུ་ཞི་གཞོན་པ་ཧྲི་ལུན་ཏེས། འཇར་མན་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་འབྲེལ་གཏུག་གང་ཐུབ་བྱེད་པ་དང་། ལྷག་པར་དུ་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བ་དང་སྣེ་མང་ཅན་དུ་འགྱུར་བའི་ཕྱོགས་གཉིས་ཐད་ནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་གཞིར་བཟུང་། ཡིད་ཆེས་འཛུགས་པ་དང་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་རྒྱུར་དམིགས་ནས་སྐད་ཆ་ཤོད་རེས་བྱ་རྒྱུ་ནི་ཕྱོགས་གཉིས་པོ་ཞི་བདེ་མཉམ་གནས་དང་ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པའི་འགན་ལེན་ཞིག་རེད་ཅེས་གསུངས་ཡོད།

ཕོར་ཐིའུ་ཀལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཏ་ཁེ་ལུའུ་སིས། འདི་ནི་དགེ་མཚན་ལྡན་པའི་ཐུག་འཕྲད་ཐེངས་ཅིག་རེད། ཆབ་སྲིད་དང་། དཔལ་འབྱོར། ལག་རྩལ་བཅས་ཀྱི་ཐད་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་འབྲེལ་བ་ཧ་ཅང་བརྟན་པོ་ཡོད་པ་དང་། ད་ཐེངས་ཀྱི་ཐུག་འཕྲད་ཐོག་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་དེ་བཞིན་ཕྱོགས་གཉིས་པོའི་བར་མིང་རྟགས་བཀོད་པའི་གྲོས་ཆོད་ཀྱིས་ཕྱོགས་གཉིས་པོས་མུ་མཐུད་དགེ་མཚན་ལྡན་པའི་མཉམ་ལས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

ཅན་དབྱི་ཝེ་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ།

ད་ཐེངས་ཀྱི་འདེམས་བསྐོ་ནི་རང་དབང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མིས་འདེམས་ཤོག་འཕེན་པ་དང་ས་གནས་ཀྲི་པུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་གྲུབ་པའི“ཁང་གཉིས་ཀྱི་གྲོས་མིའི་སྤྱི་ཁྱབ་ཚོགས་པའི”བྱ་ཐབས་སྤྱད་དེ་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་ཁྱོན་བསྡོམས་535ཡོད། དེའི་ཁྲོད་དུ་རྒྱལ་ཚོགས་གྲོས་མིའི་འདེམས་ཤོག་394ཡོད་པ་དང་། ས་གནས་ཀྱི་འདེམས་ཤོག་141ཡོད། འདེམས་བསྐོའི་གྲུབ་འབྲས་ལས་མངོན་གསལ། ཉིན་

中央广播电视总台 央广网 版权所有

ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་མི་སྣས་ཞི་ཅིན་ཕིང་གིས་འཇར་མན་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣ་དང་ཐུག་འཕྲད་གནང་བར་གདེང་འཇོག་གང་ལེགས་བྱས་པ།

སྤྱི་ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤིར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་བཅས་དང་བརྙན་མཐོང་རྣམ་པའི་ཐོག་ནས་ཐུན་མོང་ཐོག་མཇལ་མོལ་གནང་ཡོད། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་མི་སྣས། ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་འགོས་ཁྱབ་ཆེན་པོ་འགྲོ་བཞིན་པ་